e-texts navigator
Collection
Volume
Page
Wylie

295a1 མཆོད་པ་བྱས་ནས་ཞལ་ཟས་མ་ཞེས་པས་རེ་ཐག་ཆད་དེ་ཕྱོགས་ཅིག་ཏུ་འཁོད་དོ།། གཞན་ཡང་དེའི་ཚེ་སེང་གེ་སྨྲ་སྤོགས་ཞེས་བྱ་བ་ལས་སྩོགས་པ་སེར་གེ་གའ་གའི་ཀླུང་སུམ་བཅུའི་བྱེ་མ་སྙད་སེམས་ཅན་ཐོས།
295a2 ཅད་ལ་མྱི་འཇིགས་པ་སྦྱིན་པ་ཤ་སྟག་གིས་སེང་གེའི་རྩལ་ཆེན་པོས་སྤོས་ཀྱི་གླང་པོ་ཆེ་རྣམས་དང་འདྲ་བར་མྱེ་ཏོག་དང་འབྲས་བུ་རྣམས་ཕྱར་ཏེ་རིངས་པར་ལྷགས་ནས་ཕྱོགས་གཅིག་ཏུ་འཁོད་དོ།། གཞན་ཡང་དེའི་ཆ་བྱ་ངང་པ་དང་ཞུང
295a3 ཟུང་དང་དུར་པ་དང་ཀ་དམ་པ་དང་། ཟལ་མོ་དང་། གཞན་དང་། ཞུ་བྱུག་དང་། བ་ལླི་ཀ་དང་། ཀ་ལ་བྱིང་ཀ་དང་། ཤར་ཤང་དེའུ་ལས་སྩོགས་པས་ཀྱང་སྤོས་ཀྱི་གླང་པོ་ཆེན་རྣམས་དང་འདྲ་བར་མེ་ཏོག་དང་འབྲས་བུ་ཕྱིར་ཏེ་རང
295a4 རབ་ཀྱི་སྐད་ཕྱུང་ནས་ཕྱོགས་གཅིག་ཏུ་འབོད་དོ།། གཞན་ཡང་དེའི་ཚེ་སའི་སྟེང་ན་བ་དང་མ་ཧེ་མོ་དང་། ར་མ་མོ་ཡོད་དེ་ཅོག་ནུ་མ་འོ་མས་བཀང་སྟེ་ཤིན་ཏུ་རིངས་པར་སྤགས་ནས་ཤིང་ས་ལ་ཟུང་ཀྱི་དྲུང་གིས་ཕྱོགས
295a5 གཤོང་ཤིག་མཐོང་ནས་དེར་རང་རང་གིས་ནུ་མ་འོ་མ་ས་གང་བ་དེ་དག། ལས་འོ་མ་གསེག་མ་དང་། བྱེ་མ་དང་བ་ཚས་མ་འགགས་ཤིང་། ཚ་བའི་སྐྱོན་དུ་འགྱུར་བ་མྱེད་པ་དག་གཟགས་སྟེ། འོ་མ་དེ་དག་ཀྱི
295a6 ནང་ནས་སྦྲང་བུ་དག་བསལ་ནས་ཕྱོགས་གཅིག་ཏུ་འབོད་དོ།། ཀན་ན་ཡང་དེའི་ཚེ་དྲང་སྲོང་བཟོད་པར་སྨྲ་བ་ལས་སྩོགས་པ་གླིང་བཞིན་པ། ནས་པའི་དྲང་སྲོང་མངོན་པར་ཤེས་པ་ལྔ་དང་ལྡན་པ། ཐེག་པ་ཆེན་པོ
295a7 འདོད་པ་ཤ་སྔགས། གང་ཀའི་ཀླུང་དཀྲིགས་ཀྱི་བྱེ་མ་སྙེད་རང་རང་གི་རྫུ་འཕྲུལ་གྱི་སྟོབས་ཀྱིས་ཡས་སྲེག་ཤིང་དཔ་ཞལ་ཟས་དག་ཁྱེར་ནས་བཅོམ་ལྡན་འདས་ལ་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འབོད་དོ།། གཞན་ཡང་དེ་ས
295a8 འོད་སྲུང་ཆེན་པོ་ལས་སྩོགས་པ་དགེ་སློང་ཀྱི་དགེ་འདུན་ལ་ཅིག་དང་། གནས་བརྟན་ཀུན་དགའ་བོ་ལས་སྩོགས་པ་མ་གཏོགས་པར། ཡུལ་ཕྱོགས་ན་ཀུནས་པའི་དགེ་སློང་དང་། དགེ་སློང་མ་ཇི་སྙེད་ཡོད་པ་དེ་དག་ཐམས
295a9 ཅད་མ་སུས་པར་དེང་སྤགས་སོ།། གཞན་ཡང་དེའི་ཚེ་རི་རབ་ལས་སོགས་པ་རིན་པ་མི་རྣམས་དང་། འཇིག་རྟེན་ཀྱི་བར་འཚ་གང་ཀའི་ཀླུང་གྲངས་མྱེད་པའི་བྱེ་མ་སྙེད་ཀྱང་། ཤིང་ལྗོན་པ་དང་། བྲི་ཤིང་མང་པོ་ཉི་མ་ཚན་གྱི་གྲིབས




iiif viewer powered by OpenSeadragon

294b - 295b

Texts on this page

Ng17.5 - 'phags pa yongs su mya ngan las 'das pa chen po theg pa chen po'i mdo