e-texts navigator
Collection
Volume
Page
Wylie

289a1 དུར་ཁྲོད་དུ་བོར་མ་ཐག་པའི་ཕ་མ་འགྲེ་ལྡོག་པ་བཞིན་དུ་སྡུག་བསྔལ་བར་གྱུར་ཏོ།། དེ་བཞིན་དུ་དགེ་སྙེན་དེ་དག་ཐམས་ཅད་མཆོག་ཏུ་སྡུག་བསྔལ་བར་གྱུར་པ་ལས་ལ་རས་ཏེ། རང་རང་གྱི་མཆོད་པའི་ཡོ་བྱར
289a2 རྣམས་བསྡུས་ནས་ཕྱོགས་གཅིག་ཏུ་འདོད་དོ།། གཞན་ཡང་དེའི་ཚེ་བསླབ་པའི་གཞི་ལྔ་བླངས་ཤིང་། ཚུལ་ཁྲིམས་དང་མཆོག་དང་ཡོན་ཏན་དང་ལྡན་པ་དང་། དམ་པའི་ཆོས་ཀྱི་གཅེས་པ་འཛིནད་པའི་དགེ་སྙེན་མཆོད་དང
289a3 ཀྱི་བུ་མོ་འཚེ་བའི་དཔལ་སོགས་པ་དགེ་བསྙེན་མ་གང་ཀའི་ཀླུང་གསུམ་གྱི་བྱེ་མ་སྙེད་ཐམས་ཅད་ཀྱང་། བུད་བྱེད་ཀྱི་གཟུགས་ཀྱིས་སེམས་ཅན་བྱེ་བ་ཕྲག་མང་པོ་ངེས་པར་སྒྲོལ་བ་ཁྱིམ་མྱི་གནས་ལ་སྤོད་པ་ཤ་སག་སྟེ། ལུས་འདི་ཅིད
289a4 ཉེས་པའི་ཁམས་བརྒྱད་བཅུ་རྩ་བཞི་ལས་ལྤགས་པས་བསྡུས་པའོ།། ལུས་འདི་ནི་སྲིན་བུའི་རིགས་བྱེ་བ་ཕྲག་བརྒྱད་བཅུ་རྩ་བཞིའི་ཟས་སོ།། ལུ་ས་འདི་ནི་རྒྱལ་པོའི་ཁྲི་མོར་དུ་བྲུབས་པའི་དྲི་མ་རྣམ་པའོ།། ལུས་འདི་ནི།
289a5 ཁྱི་རོ་རུལྡ་པའི་དྲི་བས་ཀྱང་ལྤགས་པར་སྤགས་པའོ།། ལུས་འདི། ནི་སྒོ་དགུ་ནས་མྱི་གཙང་བ་འཛག་པའོ།། ལུས་འདི་ནི་ཤ་དང་ཆུ་བ་དང་། རུས་པ་དང་ཕྲག་དང་པགས་པའི་ཞལ་ཞལ་ཅན། རྐ་ལག་གི་ཕྱི་སྒོ
289a6 དང་། ར་བ་དང་བ་གམ་དང་། མྱིག་གི་སྐར་ཞུང་ཅན། འགོ་བོའི་ཡང་ཐོག་ཅན། ཡིད་རྒྱལ་པོའི་ལྟེ་བུའི་ཕོ་བྲང་གྲོང་ཁྱེར་ལྟ་བུའོ།། ལུས་འདི་ནི་མཁས་པ་ཐམས་ཅད་ཀྱིས་སྤངས་ཤིང་བྱིས་པའི་སྐྱེ་བོ་དགའ་བར
289a7 བྱེད་པའི་འདོད་ཆགས་དང་ཞེ་སྡང་དང་ག་ཏི་མུག་ལས་སྩོགས་པའི་ཉོན་མོངས་པ་བྱེ་མ་སྙེད་ཀྱི་སྲིན་པོས་བསྙེན་པ། འདམ་བུ་དང་། ཨེ་ནེ་ད་དང་། དབུ་བ་དང་ཆུ་ཤིང་ལྟ་བུ་ར་སྙིང་པོ་མྱེད་པ། ཀློག་དང་། རི་གཟར་པོའི་འབབ་ཆུའི།
289a8 རླབས་ལྟར་ཤི་ནད་ཏུ་མྱི་བརྟན་པའོ།། སྒྱུ་མ་དང་སྨྱིག་རྒྱུ་དང་། བྲག་ཆ་དང་། ཟླ་བའི་གཟུགས་བརྙན་ལྟར་སླུ་བར་བྱེད་པ། རླུང་ཤུགས་དྲག་པོས་རྣམ་པར་དཀྲུགས་པོའི་ཆུའི་ཤུགས་ཀྱིས་བརྐོས་པའི་འགྲམ་གྱི་སྡོང་པོ་ལྟར
289a9 གཡངས་ན་འདུག་པའི་ཆོས་ཅན། སྤྱད་བྱི་དེང་ཝ་དང་བྱ་རྒོད་དང་བྱ་རོག་རྣམས་ཀྱི་ཟས་ཡིན་ན། སུ་ཞིག་འདི་ལྟ་བུ་འཆང་བ་ལ་དཀའ་བར་བྱེད། རྒྱ་མཚོའི་ཆུ་ཐམས་ཅད་སྐྲའི་རྩེ་མས་བླངས་ཏེ། བ་གླར་གྱི་རྒྱཀ་རྗེས་སུ




iiif viewer powered by OpenSeadragon

288b - 289b

Texts on this page

Ng17.5 - 'phags pa yongs su mya ngan las 'das pa chen po theg pa chen po'i mdo