e-texts navigator
Collection
Volume
Page
Wylie

287b1 རིན་པོ་ཆེ་སྣ་བདུན་གྱིས་བརྒྱན་པ། དཔེའ་མྱེད་པ། རྐཎཔ་ཤེས་མ་གྱོགས་པ་དག་དང་སྦྱརྡ་པ་ཤ་སྟཀ་གོ།། རྟ་དེ་དག་ཀྱང་རླུང་ཀི་ཤུགས་པས་མགྱོགས་པ།། སྤུག་ཆུ་སྦྱར་གྱི་མདོག་དང་། སྡོང་རོས་ཀྱི་མདོག་དང་། སྤྲིན་གྱི
287b2 མདོག་ཅན་ཤ་སྟག་སྟེ། ཐབས་དེ་འདྲའི་ཤིང་རྟ་རེ་རེའི་མདུན་ལོགས་དང་། རྒྱབ་ལོགས་སུ་རྒྱལ་མཚན་དང་བ་དན་བསྒྲེང་སྟེ། རྒྱལ་མཚན་ཐམས་ཅད་ཀྱང་རིན་པོ་ཆེ་ལས་བྱས་པ་གསེར་གྱི་དྲ་བས་གཡོགས་པ་ཤ་སྟག་ཀོ།། རྒྱལ
287b3 མཚན་གྱི་མདུན་ལོགས་སུ་ཡང་གདུགས་རྩིགས་དང་རྩ་བ་ནོར་བུ་དྲི་མ་མྱེད་པ་འོད་ཅན་ལས་བྱས་པ་མུ་ཏིག་ཆུན་པོས་སྦྱངས་པ་ཤ་སྟག་ཕྱིར་རོ།། གདུགས་རེ་རེའི་མདུན་ལོགས་སུ་ཡང་གསེར་གྱི་མྱེ་ཏོག་ཀུ་མུ་ཏ་དང་། ཨུད་པ་ལ
287b4 དང་པད་མ་དཀར་པོ་སྡོང་བུ་བྱེད་དཱུརྱ་ལས་བྱས་པ། ཟེ་བ་རྡོ་རྗེ་ལས་བྱས་པ། བུང་བ་མང་པོ་སྐད་འབྱིན་པ། དྲི་མ་སྲུང་ཞིམ་པོ་དང་ལྡན་པ་ཡིད་དུ་འོང་བ། འོད་དང་ལྡན་པ། ཆེ་བ་མང་བ་ཤ་སྟག་དང་ལྔ་ལྡི་ཆེན་པོ
287b5 ཤ་སྟག་ཁྱེར་རོ།། ལྔ་ལྡི་ཆེན་པོ་རྣམས་ཀྱི་མདུན་ཡང་བྱང་ཆུབ་སེམ་ས་དཔའི་སྐྱེས་པའི་རབས་ཀྱི་སྤྱོད་པ་རི་མོར་བྲིས་པ་ཆེན་པོ་དག་ཐོག། ས་སོ།། རི་མོའི་གཟུགས་རེ་རེའི་བློ་གཡས་གཡོན་ནས་ཀྱང་སྨོས
287b6 གར་གྱི་གར་ཐབས་ཡུལ་དབུས་ནས་བྱུང་བ་རྣམ་པ་སྣ་ཚོགས་བྱེད་དེ། གར་ཐབས་བྱེད་པ་དེའི་ནང་ན་སིལ་སྙན་རིན་པོ་ཆེ་ལས་བྱས་པའི་རྫ་རྔ་དང་། 28རྔ་དང་། རྔ་ཟླུམ་དང་། པི་བར་དང་། གླིང་བུ་དང་། པི་བར་རྒྱུད་ཅིག་པ
287b7 དང་། རྔ་བོ་ཆེ་དང་དུང་ལས་སྩོགས་པ་དག་རྡུང་ཞིང་འབུད་དོ།། ཀར་ཐབས་ཀྱི་སིལ་སྙན་དེ་དག་ལས་ཀྱང་ཀྱེ་མ་འཇིག་རྟེན་སྟོངས་པར་འགྱུར་རོ་ཞེས་བྱ་བ་དེ་ལྟ་བུའི་རྣམ་པ་བརྗོད་ཅིང་གདུང་གདུང་སྐད་དུ་དབྱངས་ལེནད་ཏོ།། ཀར་ཐགས
287b8 ཀྱི་སིལ་སྙན་རེ་རེའི་མུདུན་ཏུ་ཡང་མྱེ་ཏོག་དྲི་ཞིམ་པོ་སྣ་ཚོགས་རྣམ་པར་འཚེར་བ་རྣམས་ཀྱི་ཕྱེ་མས་རིན་པོ་ཆེའི་སྐོན་བུ་ལགས་པར་བཅོས་པ་གཞོན་ཤ་ཅན་དག་བཀང་བ་ཤ་སྟག་དང་། དེ་མ་ཡིན་པའི་སྐོན་པུ་མར་པོ་བལྟ་ན
287b9 སྟུག་པ་གུར་གུམ་གྱི་ཕྱེ་མས་བཀང་བ་ཤ་སྟག་ཐོགས་སོ།། དེ་དག་གི་མདུན་དུ་ཡང་བཅོམ་ལྡན་འདས་དགེ་སློང་གི་དགེ་འདུན་གྱི་འཁོར་དང་བཅས་པ་ཁྱབ་པར་འགྱུར་བའི་ཞལ་ཟས་ཕྱིར་ཞིང་འདོང་ངོ་།། ཞལ་ཟས་དེ་དག་ཀྱང




iiif viewer powered by OpenSeadragon

287a - 288a

Texts on this page

Ng17.5 - 'phags pa yongs su mya ngan las 'das pa chen po theg pa chen po'i mdo