| e-texts navigator |
| Wylie |
287a1 དུ་སེམས་ཅན་ཐམས་ཅད་ལ་སྙིང་རྗེ་དང་ལྡན་པ་ཤ་སྟག་སྟེ། དེ་དག་ཀྱང་ཉི་མ་འཆར་ཀར་དེ་བཞིན་གཤེགས་པའི་གདུང་ཞུགས་ལ་ཞེ་ནད་པའི་ཕྱིར། རེ་རེས་ཀྱང་ཚན་དན་དང་། ཨེ་ཀ་རུ་དང་ཐར་ཤིང་གྱི་མཆོག་དང་།
287a2 ཙན་དན་ས་མཆོག་པའི་བུད་ཤིང་རྣམས་དང་། ཡམ་སྲེག་ཤིང་དྲི་གསུང་དང་ལྡན་པ་ཡོན་ཏན་ལྔ་སྟོང་ཁྱེར་དེ་འོངས་སོ།། དེ་ལ་ཡམ་སྲེག་ཤིང་སཱ་རེ་ཞིང་གསེར་གྱི་སྐུད་པ་རིན་པོ་ཆེ་སྣ་བདུན་རིགས་དང་ལྡན་པས་སྨྲས་པས་དཀྲིགས་པ།
287a3 རི་མོ་ལ་བྲིས་པ་ཁོ་ན་བཞིན་དུ་འདུག་པ། རང་བཞིན་གྱིས་གཞོན་ཤ་ཅན་ལེགས་པར་བཅོས་པ་ཤ་སྟག་སྟེ། སཱ་རེ་ཞིང་ཡང་འོད་རྣམ་པ་སྣ་ཚོགས་དང་ལྡན་པའི་ཕུང་པོ་ཆེན་པོ། མདོག་སྔོ་བ་དང་། བར་བར་ཁ་ཅིག་ཏུ་མདོག་ཀར
287a4 ཅིག་ཏུ་སྔོ་སྱ། ཁ་ཅིག་ཏུ་རྩ་དམར། ཁ་ཅིག་ཏུ་སེར་བ། མྱིག་ཏུ་སྡུག་པར་བྱ་བ་ཤ་སྟག་ཀོ། བམ་པོ་རི་རེའི་གཡོགས་མའི་ཕྱར་བུ་ཡང་རིན་པོ་ཆེ་སཱ་པ་དུན་ལས་བྱས་པ་ཤ་སྟག་གོ།། ཆིངས་མའི་ཐེ་ཀུ་མང་པོ་རེ་རེ་ཞིང་ཡང
287a5 ལྡོང་རོས་ཀྱི་མདོག་ལྟ་བུ་དང་། ཟར་མའི་མེ་ཏོག་གི་མདོག་ལྟ་བུ་དང་། སྔོན་པོ་དང་སེར་པོ་རྣམས་ཀྱིས་བར་བར་དུ་སྤེལ་ད་པ་ཤ་སྟག་གོ།། དེ་ལ་ཆིངས་མའི་ཐེ་གུ་མར་པོ་རེ་རརེ་བཞིན་ཡང་གསེར་ཐགས་ཀྱི་མཆོག
287a6 རྣམ་པར་དག་པ། ཡུལ་མང་པོར་གྲགས་པ་དག་གྱིས་སྤེ་ལང་པ་སྟག་གོ།། དེ་ལ་ཨམ་སྲེག་ཤིང་སཱ་རེ་ཞིང་ཡང་སྨོས་དྲི་གསུང་ཞིམ་པོ་དང་། མྱེ་ཏོག་འཕྲེང་དང་། ཀུར་ཀུམ་ཀྱི་ཕྱེ་མ་དང་ལྡན་པར་བྱས་པ།
287a7 གསེར་ཐགས་ཀྱིས་གསོགས་པ། དར་སྔས་བརྒྱན་པ་རིན་པོ་ཆེ་སྣ་བདུན་གྱི་ཤུགས་སྔོན་པོ་དང་། སེར་པོ་དང་། སྔོ་སྐྱ་དང་། དཀར་པོ་དང་། བཅོད་ཀ་ལྟ་བུ་དག་གི་ནང་དུ་བཅུག་པ། སུལ་ཀ་ལིང་ཀའི་རས་དང་། ཟར་མའི་རས
287a8 དང་། ཟ་བ་དར་དང་། རྒྱ་དར་གྱི་མཆོག་རྣམས་ཀྱིས་དཀྲིས་པ། མེ་ཏོག་མང་པོས་བརྒྱན་པ། བྱུག་པོ་དྲིམ་སུང་ཞིམ་པོ་དག་གྱིས་བྱུགས་པ་ཤ་སྟག་གོ།། ཡམ་སྲེག་ཤིང་སཱ་རེའི་ཤིང་རྟ་རེ་རེ་ཞིང་རིན་པོ་ཆེ་སྣ་བདུན་གྱིས་བརྒྱན
287a9 གསེར་གྱིམ་མཛེས་པར་བྱས་པ་འཅིག་ལཅིག་ཏུ་སྡོང་པོ་དང་། དཀར་པོ་དང་། བབ་པའི་འདོག་དང་། ས་ཀྲིའི་ལདོག་པས་ལྡག་པའི་འོད་གསལ་བ་དང་ལྡན་པ་གསག་ཀོ།། ཤིང་ཏ་དེ་དག་གི་གཉལ་གང་རྣམས་ཏུ