| e-texts navigator |
| Wylie |
286a1 སྟག་སྟེ། གདུལ་བའི་དབང་གྱི་ཕྱིར་བུད་མྱེད་ཀྱི་གཟུགས་དང་། བུད་མྱེད་ཀྱི་དབྱིབས་དང་། ཤ་དང་ཕྲག་དང་རྒྱུས་པ་མང་པོ་དང་། རུས་པའི་ལུས་འཆང་བ། རྟག་ཏུ་ཚད་མྱེད་པ་བཞིན་བསྒོ་བ་དང་ལྡན་པ
286a2 བདག་ཉིད་ཀྱིས་སངས་རྒྱས་ཀྱི་ཡུལ་གྱི་ཆོ་འཕྲུལ་ཆེན་པོའི་དོན་བྱེད་ནུས་པ་ཤ་སྟག་གོ།། གཞན་ཡང་དེའི་ཚེ་བྱང་ཆུབ་སེམས་དཔའ་རྒྱ་མཚོས་བྱིན་ལ་སྩོགས་པ། བྱང་ཆུབ་སེམས་དཔའ་གང་གའི་ཀླུང་གི་བྱེ་མ་སྙེད་ཐམས་ཅད
286a3 ཀྱང་མྱི་མཆོག་ས་བཅུ་ཐོབ་པ་ཐབས་ཀྱིས་ལུས་འཆང་བ་ཤ་སྟག་ལ་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྒྱ་མཚོས་བྱིན་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་བློ་གྲོས་མྱི་ཟད་པ་དང་། དེ
286a4 དག་ལས་སྩོགས་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐམས་ཅད་ཀྱང་ཐེག་པོ་ཆེན་པོ་ཐོབ་པར་འདོད་པ་ཐེག་པ་ཆེན་པོ་ལ་ཞུགས་པ། ཐེག་པ་ཆེན་པོས་བཀྲེས་པ། ཐེག་པ་ཆེན་པོ་ལ་སྲེད་པ། ཐེག
286a5 པ་ཆེན་པོ་ལ་སེར་སྣ་མྱེད་པ། འཇིག་རྟེན་ཐམས་ཅད་དང་མཐུན་བར་བྱེད་ནུས་པ་ཤ་སྟག་དང་།། བདག་ཅག་རྒལ་ནས་གཞན་ལ་རྒས་པར་བྱའོ་སྙམ་སྟེ། སྔོན་གྱི་བསྐལ་པ་བྱེ་བ་སྙེད་དུ། ཚུལ་ཁྲིམས་ཀྱི
286a6 བཀོད་པའི་དམ་བཅ་ལེགས་པར་བླངས་པ། འཛིནད་པའི་སྤྱད་པ་སྷོ། ད་པ་ཤ་སྟག་དང་། དེ་བཞིན་དུ་བདག་ཅག་ཀྲོལ་ནས་གཞན་གྲོལ་བབྱའོ་སྙམ་པ་དང་། དེ་བཞིན་དུ་དཀོན་མཆོག་གསུམ་གྱི་གདུང་མྱི་འཆད
286a7 པར་བྱའོ་སྙམ་པ་དང་། ཆོས་ཀྱི་འཁོར་ལོ་བསྐོར་བར་བྱའོ་སྙམ་པ་དང་། གོ་ཆ་ཆེན་པོ་བགོ་པར་བྱའོ་སྙམ་དུ་སེམས་པ་ཤ་སྟག་དང་། དེ་བཞིན་དུ་ཡོན་ཏན་དཔག་དུ་མྱེད་པ་དང་ལྡན་པ་དང་། བུ་ཅིག་པ་ལ་བྱིས་པ་བཞིན་དུ་སེམས
286a8 ཅན་ཐམས་ཅད་ལ་སྙོམས་པར་ལྟ་བ་ཤ་སྟག་སྟེ། དེ་དག་ཐམས་ཅད་སྔ་དྲོའི་ཉི་མ་འཆར་ཀར་ཡན་ལག་ཐམས་ཅད་ཀྱི་བ་སཱུ་རྒྱ་སྐྱེགས་ཀྱི་ཤིང་གི་མྱེ་ཏོག་ལྟར་རྩ་དམར་བ་ནི་ལངས་མྱིག་ནི་འཆིམ་ཕྲག་ལྟ་བུས་གང་སྟེ། མཆོག་ཏུ་སྟུག
286a9 བསྔལ་བའི་ཚོར་བ་དང་ལྡན་ནས། སེམས་ཅན་ཐམས་ཅད་ལ་ཕར་པ་དང་། བདེ་བ་དང་། སྙིང་རྩེ་བའི་ཕྱིར་དང་། གདུལ་བར་བྱ་བའི་དབང་གི་དོན་དུ་ཐེག་པ་ཆེན་པོའི་མཆོག་ཏུ་གསང་བ།། སྟོང་པ་ཉིད་ཀྱི་རྣམ་པ་དགོངས་པའི