e-texts navigator
Collection
Volume
Page
Wylie

285b1 མ་ཤར་ཀ་ར་ཡན་ལག་ཐམས་ཅད་ཀྱི་བ་སྤུ་ནྱ་སྐྱེགས་ཀྱི་ཤིད་ཀྱི་མེ་ཏོག་ལྟར་རྩ་དམར་པ་ནི་ལངས། མྱིག་ནི་མཆི་མ་ཁྲག་ལྟ་བུས་ཀང་སྟེ། མཆོག་ཏུ་སྡུག་བསྔལ་བའི་ཚོར་བ་དང་ལྡན་ནས་སེམས་ཅན་ཐམས་ཅད་ལ་ཕན་པ
285b2 རང་། བདེ་བ་དང་སྙིང་རྩེ་བའི་ཕྱིར་དང་། གདུལ་བར་བྱ་བའི་དབང་གྱི་དོན་ཏུ་ཐེག་པ་ཆེན་པོའི་མཆོག་ཏུ་གསང་བ། སྟོང་པ་ཉིད་ཀྱི་རྣམ་པ་དགོངས་པའི་ཚིག་རྣམ་པ་སྣ་ཚོགས་ཀྱི་ཆོས་ཀྱི་སྒོའི་ཚུལ་བཤད་པའི་ཕྱིར། བཅོམ་ལྡན
285b3 འདས་ཀ་ལ་བ་དེར་དོང་སྟེ་ལྤགས་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ནས། བཅོམ་ལྡན་འདས་ཀ་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་པ
285b4 བཏུད་ཏེ་ཕྱོགས་གཅིག་ཏུ་འབོད་དོ།། དེའི་ཚེ་ཀོ་ཏ་ཀའི་བུ་མོ་རབ་བཟངས་མ་ལ་སྩོགས་པ། དགེ་སློང་མ་བྱེ་བ་འབུམ་ཕྲག་དྲུག་བཅུ་ཐམས་ཅད་ཀྱང་དགྲ་བཅོམ་པ་ཟག་པ་ཟ་བ་དབང་ཐོབ་པ། བྱ་བ་བྱས་པ། བྱེད་པ
285b5 བྱས་པ། ཕུར་བོར་བ། ཉོན་མོངས་པ་མྱེད་པ་གཙོ་བོ་ཆེན་པོ། ཆེན་པོ་སྟོང་པ་ཉིད་ཀྱིས་རང་ཀྱི་དོན་ཐོབ་པ་ཤྲ་སྟ་ཀ་སྟེ། འདི་ལྟ་སྟེ་ཀོ་ཏ་ཀའི་བུ་མོ་དགེ་སློང་མ་རབ་བཟང་མ་དང་དགེ་སློང་མ་ཉེ་དགའ
285b6 མོ་དང་། དགེ་སློང་མ་རྒྱ་མཚོ་བྲེ་གྲོས་དང་། དེ་དག་ལས་སྩོགས་པ་དཱ་གེ་སློང་མ་བྱེ་མ་འབུམ་ཕྲག་དྲུག། སྔ་དྲོའི་ཉི་མ་ཤར་ཀར་ཡན་ལག་ཐམས་ཅད་ཀྱི་བ་སྤུ་རྒྱ་སྐྱེགས་ཀྱི་ཤིང་གི་མེ་ཏོག་ལྟར་རྩ་དམར་བ་ནི་ལས
285b7 མྱིག་ནི་མཆི་མ་ཁྲག་ལྟ་བུས་གང་སྟེ། མཆོག་དུ་སྡུག་བསྔལ་བའི་ཆོས་དང་ལྡན་ནས། སེམས་ཅན་ཐམས་ཅད་ལ་ཕན་པ་དང་། བདེ་བ་དང་། སྙིང་བརྩེ་བའི་ཕྱིར་དང་། གདུལ་བར་བྱ་བཱི་དབང་གི་དོན་ཏུ་ཐེག་པ་ཆེན་པོའི
285b8 མཆོག་ཏུ་གསང་བ། སྟོང་པ་ཉིད་ཀྱི་རྣམ་པ་དགོངས་པའི་ཚིག་རྣམ་པ་སྣ་ཚོགས་ཀྱི་ཆོས་ཀྱི་སྤྲོའི་ཚུལ་བཤད་པར་བྱ་བའི་ཕྱིར་འགྲོ་འད་གྲ་ས་སཤཱ། མ་ཀྱི་དམ་པ་མན་ཐོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་ལན་གསུ
285b9 བསྐོར་བ་བྱས་ནས། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ། ཕྱོགས་གཅིག་ཏུ་འཁོད་དོ།། འཁོར་དེ་ན་དགེ་སློང་མ་འཁོད་པ་རྣམས་ཀྱང་བྱང་ཆུབ་སེམས་དཔའ་མྱི་མཆོག་ས་བཅུ་ཐོབ་པ་ཤ




iiif viewer powered by OpenSeadragon

285a - 286a

Texts on this page

Ng17.5 - 'phags pa yongs su mya ngan las 'das pa chen po theg pa chen po'i mdo