| e-texts navigator |
| Wylie |
285a1 ལྷག་པར་བཞུགས་པར་གསོལ་བར་གདབ་བོ་ཞེས་འཛེརྡ་ཏོ།། གཅིག་ལ་གཅིག་འཇུས་ནས། འདི་ས་དུ་དུ་ཀྱེ་མ་འཇིག་རྟེན་སྤོངས་པར་འགྱུར་རོ།། ཀྱེ་ལ་འཇིག་རྟེད་སྤྱོད་པར་འགྱུར་རོ།། ཀྱེ་མ་སེམས་ཅན་ཛས
285a2 ཀྱི་བསོད་ནམས་ཀྱི་ལས་ཀྱི་རྣམ་པར་སྨིན་པ་ནི་ཟད་དོ།། ལས་མྱི་བཟད་པ་ནི་བྱུང་ངོ་།། ཚེ་དང་ལྡན་པ་དག་སྦྱར་ཅིག། ཚེ་དང་ལྡན་པ་དག་སྦྱར་ཅིག། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས
285a3 རང་གི་ཨུང་ཙམ་འདི་ལ་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་རོ།། ཀྱེ་མ་འཇིག་རྟེན་སྟོངས་པར་འགྱུརརོ།། ཀྱེས་འཇིག་རྟེ་སྟོངས་པར་འགྱུར་རོ།། དེ་བཞིན་གཤེགས་པ་མྱི་བཞུགས་ན་བདག་ཅག་འགོན་མྱེད་པ་དང་།
285a4 རྩ་ལག་མྱེད་པ་དང་། འཕོངས་པར་ཇི་ལྟར་འགྱུར་ཞིག། བདག་ཅག་གི་ཐེ་ཙོམ་དང་། སོམ་ཉི་ཅི་དང་ཅི་ཡོད་པ་དེ་དང་དེ་དག་ཞུ་བར་བྱའོ་ཞེས་ཀྱང་འཛེ་རང་ཏོ།། ཉན་ཐོས་ཆེན་པོ་འདི་དག་ཀྱང་དེ་ན་འཁོད་དོ།། 2
285a5 ལྟ་སྟེ་གནྡ་རྟ་ཀ་ཏྱ་ཡ་ན་ཆེན་པོ་དང་། གནས་བརྟན་པ་ཀུ་ལ་དང་གནས་བརྟན་ཉེ་དགའ་བོ་དང་། དེ་དག་ལས་སྩོགས་པ་གཞན་ད། ཀ་ཀྱང་དེ་ནས་ཁོད་དེ། དེ་དག་ལ་འོད་ཟེར་གྱིས་ཕོག་ནས། འདར
285a6 རབ་ཏུ་འདར། དམ་དམ་རབ་ཏུ་དམ་དམ། འཁྲུགས་རབ་ཏུ་འཁྲུག་ས། བདབས་རབ་ཏུ་བརྡབས། ཤུར་འུར་རབ་ཏུ་འུར་བུར།། ཁམས་རབ་ཏུ་འམས། རྨུགས་རབ་ཏུ་མུགས། རེངས་རེངས་རབ་ཏུ་རེངས་ཏེ
285a7 དེ་དག་ས་ཕྲོགས་པ་དག་ཏུ་གྱུར་དྲནས་རས་སོ།། དེའི་ཚེ་དགེ་སློངས་ལ་ཕྲག་བརྒྱད་མོ་ཤིང་འོས་རས་ཕྱིར་བྱུང་སྟེ། གནས་བཏན་དེ་དག་ལ་འོད་ཟེར་གྱི་སྣང་བ་དེས་པོག་ནས་ཤི་ནད་ཏུ་རིངས་པར་ལ་གདོང་བཀྲུས་ཏེ།
285a8 གཅིག་ལ་གཅིག་འཇུས་སོ།། དེ་བཞིན་གཤེགས་པའི་སྲས་དེ་དག་ཐམས་ཅད་ཀྱང་དགྲ་བཅོམ་པ། དབང་ཐོབ་པ། བྱ་བ་བྱས་པ། བྱེད་པ་བྱས་པ། ཅང་ཤེས་པ། གཙོ་བོ་ཆེན་པོ། ཆེན་པོ་སྟོང་པ་ཉིད་ཀྱིས
285a9 རང་གི་དོན་ཐོབ་པ། ཙན་དན་ཆེན་པོ་ལྟ་བུའི་གཡོག་འཁོར་དང་ལྡན་པ། སེང་གེ་ཆེན་པོ་ལྟ་བུའི་གཡོཀ་འཁོར་དང་ལྡན་པ་ཤ་སྟག་སྟེ། དེ་དག་ལས་སྩོགས་པའི་སོན་ཏན་དཔག་ཏུ་མྱེད་པ་དང་ལྡན་པ་དེ་དག་ཐམས་ཅད་སྔ་དྲོའོ་ཉི