e-texts navigator
Collection
Volume
Page
Wylie

282b1 མ་བྱས་པ་ལ།། སྨན་མྱེད་བརྗོད་དུ་རང་བཞིན་ནོ།། ལུང་དང་རིགས་པས་ངན་པར་མཐོང་།། ཏོག་གེའི་ལྟ་བས་དྲི་མར་བྱས།། བྱེ་བ་མྱེད་པར་བདག་ཏུ་སྦ།། རྒྱུ་མྱེད་མ་ཡིན་གཞན་ན་མྱེད།། དེ་དག་གི་ནི་ཉེས་བསལ་བ།། ཕུང་པོས
282b2 བདག་དུ་མྱི་བསྒོམ་སྟེ།། གཅིག་པ་དང་མི་དེ་ལས་གཞན།། རྟོག་གེ་ཅན་གྱིས་ཀྱི་ཤེས་སོ།། མེ་ལོང་ཆུ་དང་དམྱིག་རྣམས་ལ།། ཇི་ལྟར་གཟུགས་བརྙན་སྔར་གྱུར་པ།། གཅིག་དང་ཐ་དད་བྲལ་བ་བཞིན།། དེ་བཞིན་གང་ཟག
282b3 ཕུང་པོ་ལའོ།། བསྒོམ་དང་རྣམ་བསྒོམས་བསམ་གཏན་པ།། ལམ་དང་བདེན་དང་མཐོང་བ་སྟེ།། དེ་རྣམས་གསུམ་ནི་རྣམ་བསྒོམས་ན།། ལྟ་བ་ངན་ལམ་གྲོལ་བར་འགྱུར།། ཇི་ལྟར་མཐོང་ན་ཞིག་པའི་བློས།། ཕྱིས་ཀྱི་བུ་གའི
282b4 འཁོར་ལོ་ལྟར།། དེ་བཞིན་ཆོས་ཀུན་འགྱུར་བ་ལ།། བྱིས་པ་བཞིན་དུ་མ་ཞིག་ཞེས།། དངོས་པོ་མྱེད་པས་མྱ་ངན་འདས།། བྱིས་པའི་སེ་མས་ནི་རྨོངས་པར་བྱེད།། ཇི་ལྟར་འདུག་བཞིན་མཐོང་བ་དང་།། འཕགས
282b5 པས་མཐོང་བ་ཡོད་པའི་ཕྱིར།། སྐྱེ་བ་དང་ནི་འཇིག་བྲལ་ཞིང་།། དང་།། ས་པོ་ཡོད་དང་མྱེད་སྤངས་པ།། མཚན་ཉིད་མཚན་གཞི་བྲལ་བའི་འགྱུར་བ་རྣམ་པར་བསྒོམ་པར་བྱ།། མུ་སྟེགས་ཅན་གྱིས་སྨྲ་དང་བྲལ།
282b6 མྱིང་དང་དབྱིབས་ནི་སྤངས་གྱུར་པ།། ནང་གི་ལྟེ་བའི་གནས་རྣམས་ཀྱིས།། འགྱུར་བ་རྣམ་པར་བསྒོམ་པར་གྱིས།། རེག་པ་དང་ནི་གཟི་ར་པའི་ས།། ལྷ་དང་སེམས་ཅན་མཉལ་བའི་ལུས།། བར་མ་ཏའི་སྲིད
282b7 མྱེད་དེ།། རྣམ་པར་ཤེས་པས་བསྐྱེད་པ་ཡིན།། མངལ་སྐྲོང་དྲོད་གཤར་ལ་སྩོགས་པའི།། སྲིད་པ་བར་མར་འབྱུང་བ་དག།། སེམས་ཅན་མར་པོ་སྣ་ཚོགས་བཞིན།། འགྲོ་དང་འགྲོ་བར་རྣམ་པར་བསྒོམས།། ལུང་དང་རིགས་པཱ།
282b8 བྲལ་གྱུར་པ།། ཉོན་མོངས་ཕྱོགས་དང་ཟག་འཐོབ་བྱེད།། མུ་སྟེགས་ཅན་གྱི་ལྟ་བ་ལ།། བློ་གྲོས་ཅན་གྱིས་མྱི་སྤྱོད་དོ།། ཐོག་སར་ཉེ་བར་ལེནད་པ་ལས།། བདག་ནི་ཕྱེ་བས་བྱེ་བྲག་དབྱེ།། མ་ཕྱེ་བྱེ་བྲག་འབྱེད་པ་ནི།།
282b9 མོ་ཤམ་བུ་ལ་བྱེ་བྲག་འབྱེད།། འཕྲུལ་གྱིས་མཐོང་བ་སེམས་ཅན་རྣམས།། ཤ་དང་ཤེས་རབ་རྣམ་པར་སྤངས།། ལུས་ཅན་ཀུན་ཀྱི་གཟུགས་ཡོད་པ།། འདུ་བྱེད་ཕུང་པོ་སྤངས་གྱུར་ད་པའོ།། ཕ་དོག་བཟང་དང་ངན་འགྱུར་ཅི




iiif viewer powered by OpenSeadragon

282a - 283a

Texts on this page

Ng17.4 - 'phags pa lang kar gshegs pa'i theg pa chen po'i mdo