e-texts navigator
Collection
Volume
Page
Wylie

282a1 མྱི་སྐྱེར་སྨྲ་བའི་རྒྱུ་འདོད་པ།། སྐྱེས་སམ་སྐྱེ་བར་འགྱུར་ཀྱང་རུང་།། མྱ་སྦྱར་སྨྲ་བའི་རྒྱུད་འདད་པ།། སྐྱེས་སམ་སྐྱེ་བར་འགྱུར་ད་ཀྱང་རུང་།། མ་སྐྱེས་པ་ནི་སྤྲུབ་པར་འགྱུར།། ཚིག་ཚམ་དུ་ནི་བརྗོད་པ་ཡིན།། སེམས
282a2 དེ་འབྱུང་བར་འགྱུར་བའི།། རྒྱུ་ནི་མེ་རིག་དེ་ཡིན་ཏེ།། ཇི་སྲིད་གཟུགས་དང་མྱི་ཤེས་པ།། དེ་སྲིད་བར་དུ་དེ་གནས་ཅི།། ཞིག་པར་གྱུར་ད་མ་ཐག་ཏུ་ནི།། སེམས་ནི་གཞག་རྣམས་རབ་འབྱུང་སྟེ།། གཟུགས་ནི་དུས་སུ་མྱི་གནས
282a3 །། ཅིལ་དམྱིགས་ཏེ་འབྱུང་བར་འགྱུར།། གང་ལས་གང་དུ་འཇིག་པའི།། སེམས་མི་ལོག་པའི་རྒྱུ་ལས་བྱུང་།། དེ་ནི་རབ་ཏུ་མ་ཆུབ་མ།། ཇི་ལྟར་སྐད་ཅིག་འཇིག་པར་བྱེད།། ནལ་འབྱོར་ང་ཅན་གྱི་སྟོབས་འཇུག་དང་།། གས
282a4 དང་རྒྱལ་བའི་རིང་བསྲེལ་དང་།། འོད་སྣང་གནས་ཀྱི་གཞལ་མྱེད་འང་། འཇིག་རྟེན་རྒྱུའིས་འཇིག་པ་མྱེད།། གནས་པ་རྣམས་དང་ཐོབ་པ་འི་ཆོས།། སངས་རྒྱས་ཡེ་ཤེས་ཕུན་སུམ་ཚོགས།། དགེ་སློང་ཉིད
282a5 དང་ཤེས་ཐོབ་རྣམས།། སྐད་ཅིག་མ་ནི་ཅི་ལྟར་མཐོང་།། སྒྱུ་མ་དྲི་ཟ།། འི་གྲོང་ལས་སྩོགས།། གཟུགས་རྣམས་ཇི་ལྟར་སྐད་ཅིག་པ།། 2བྱུང་བ་རྣམས་ནི་འབྱུང་འགྱུར་མྱིན།། འགྲོ་བར་འགྱུར་བ་ཅད་མྱི་བྱེད།།
282a6 སེམས་ནི་མ་རིག་རྒྱུ་ལས་བྱུང་།། ཐོག་མ་མྱེད་ནས་བསགས་པ་ཡིན། སྐྱེ་དང་འཇིག་དང་ཀུན་འབྲེལ་པར།། རྟོག་གེ་པ་དག་རབ་ཏུ་རྟོག། གྲོངས་ཅན་སྨྲ་བ་རྣམ་གཉིས་ཏེ།། གཙོ་བོ་ལས་ནི་འབྱུང་བར་འགྱུར།། གཙོ
282a7 བོ་ཡོད་ན་འབྲས་བུ་ཡོད།། འབྲས་བུ་བདག་ཉིད་རབ་ཏུ་སྒྲུབ།། གཙོ་བོ་དང་ནི་དངོས་འཇུག་པར།། ཡོན་ཏན་བྱེ་བྲག་རབ་ཏུ་བསྒྲགས།། རྒྱུ་དང་འབྲས་བུ་སྣ་ཚོགས་པ།། འགྱུར་བ་ལ་ནི་མྱེད་པ་ཡིན།། ཇི་ལྟར་རྡུལ་ཆུ་དག་པ།།
282a8 ལ།། དྲི་མ་རྣམས་ཀྱིས་མྱི་ཆགས་པ།། དེ་བཞིན་ལུས་ཅན་ཐམས་ཅད་ཀྱི།། ཀུན་གཞི་གནས་ཀྱང་དག་པའོ།། ཤིང་ཀུན་དང་ནི་སྒྲོག་པ་དང་།། སྨྲས་པའི་བུར་ནི་མཐོང་བ་དང་།། ལན་ཙ་ལ་སྩོགས་རེ་ཡོད་དང་།། རྦ་ཕྱིར་ས་བོམ
282a9 བཞིན་གྱི་འགྱུར།། དེ་ཉིད་དངའི་ཐ་དད་དང་།། དེ་བའི་གཉིས་ཀྱི་གཉིས་མ་ཡིན། ཡོད་པའི་མི་རྒྱུ་བྱེད་དེ།། འདུས་བྱས་ལ་མྱེད་མྱེང་ས་ཕྱིར།། བདག་མིཏ་དང་འདྲ་བར་ཡོད།། ཕུང་པོ་པ་ལང་ངོ་བོ་སྤངས།། འདུས་བྱས་འདུས




iiif viewer powered by OpenSeadragon

281b - 282b

Texts on this page

Ng17.4 - 'phags pa lang kar gshegs pa'i theg pa chen po'i mdo