| e-texts navigator |
| Wylie |
281a1 ཕུན་སུམ་ཚོགས།། ལྷར་སྐྱེས་པའི་འགྲོ་བའི་དབང་།། མཐོ་རིས་པར་བྱེད་ཆོས་སྟོན་པ།། གླིང་བཞི་རྣམས་ལ་རབ་ཏུ་སྤྱོད།། ཤིནད་ཏུ་ཡུན་རིང་གླིང་སྤྱད་ནས།། སྲེད་པས་རྣམ་པར་འཇིག་པར་འགྱུར།། བྱས
281a2 པའི་དུས་དང་སྐྱབས་བྱུང་དུས།། གཉིས་པོ་གཞན་དང་རྩོད་པ་སྟེ།། ང་དང་གཞན་ནི་བྱས་པས་མ།། ཤག་ཀྱ་སེང་གེ་རྩོད་པའི་དུས།། དོན་གྲུབ་པ་དང་ཤག་ཀྱའི་སྲས།། འཇུག་སེལ་ད་རྒྱས་དང་དབང་ཕྱུག་དང་།། ཤག་ཀྱའི་སྲས
281a3 པོ་དོན་གྲུབ་དང་།། དེ་ལས་སྩོགས་པའི་མུ་སྟེགས་ཅན།། མྱ་ངན་པ་འདས་འབྱུང་བར་འགྱུར།། འདི་སྐད་བདག་གིས་ཐོས་ལ་སྩོགས།། ཤག་ཀྱ་སེང་གེའི་བཤད་པ་ཡིན།། སྤུང་དང་ལྡན་ཆད་བྱུང་བ་དག།། དེ་དག་རྒྱས་པ་ཡིན་པ
281a4 འགྱུར།། འཇུག་སེལ་དང་ནི་དབང་ཕྱུག་དང་།། འབྱིན་པར་བྱེད་པ་འཆད་པར་འགྱུར།། མྱ་ངན་ང་འདས་ཕྱིན་ཆད་ནི།། དེ་ལྟ་བུ་ལས་སྩོགས་པ་བྱུང་།། རའི་མན་ནོར་ལྡན་དེ།། པ་ནི་བྲམ་ཟེ་སྐྱེ་དགུའི་བདག། ར་ནི་ཀ་ཏ་ཡཱཾ
281a5 རིགས།། མྱིང་ནི་རྡུལ་ཤུགས་མྱེད་རྒྱལ་བའོ།། ཡབ་དང་མྱེས་དང་ང་བ་ངག་དང་།། ཡུལ་ནི་ཙང་བར་སྐྱེས་པ་སྟེ།། མཚན་ནི་ཟླ་བ་སྩས་ཏྲེཿ།། ཟླ་ཌཱི་རིགས་ལས་དེ་སྐྱེས་སོ།། ཐ་རད་པ་ཞུགས་ཞིང་རྡུལ་ཤུགས་ཀྱང
281a6 ཚུལ་ཡང་རྣམ་པ་སྟོང་བཤད་ནས།། བློ་གྲོས་ཆེན་པོ་དབང་བསྐུར་དེ། ལུང་བསྟུན་བྱས་ནས་མྱ་ངན་འདས།། ཆོས་ལ་བློ་ནི་སྦྱིན་པར་བྱ།། ཆོས་ཀྱིས་མེ་འལ་ལ་ལ་སྦྱིན།། མྱེ་འལ་སློབ་མ་བཞད་པས་མ།།
281a7 བསྐལ་པའི་མཐར་ནི་འཇིག་པར་འགྱུར།། འོད་སྲུང་དང་ནི་ལོག་དང་སེལ།། འདྲེན་པ་གསེར་ཐུབ་རྣམ་དག་དང་།། རྡུལ་མྱེད་ང་དང་གཞན་དག་དང་།། དེ་དག་ཐམས་ཅད་བྱས་དུས་རྒྱལ།། དེའི་འོག་ཏུ་བྱས་དུས་ལ།། འདྲེན་པ་བློ
281a8 གྲོས་ཤེས་བྱ་བ།། ཤེས་བྱ་ལྔ་རྣམས་སྟོནོང་པའོ།། དཔའ་བ་ཆེན་པོ་འབྱུང་བར་འགྱུར།། གཉིས་གཞན་ལནི་སྩོལ་འབྱུང་མྱིན།། རྩོད་དུས་ཕྱི་མའི་ཚེ་ལ་ཡང་།། འཇིག་རྟེན་འགོན་པོ་འབྱུང་མྱི་འགྱུར།། བྱས་དུས་ལ་ནི་རྫོགས
281a9 འཚང་རྒྱ།། མྱི་འཕྲོགས་པ་དང་པོ་ཤེས་བྱ།། མ་དྲས་ལ་ཚར་བཅས་པ་སྟེ།། མ་བྱའི་མདོངོངས་བུ་འདྲ་བ་འིས།། སྟེང་གཡོགས་རི་མོ་བྲི་བར་བྱ།། མདོངས་དང་མདོངས་ཀྱི་བར་དུ་ནི།། སོར་གཉིས་སོར་གསུམ་ཙམ་དུ་བྱ