e-texts navigator
Collection
Volume
Page
Wylie

280b1 དེ།། ལྟ་བའི་ཉེས་པས་རྣམ་སྤངས་པ།། སོ་སོ་རང་རིག་ལྟ་བ་རྟོགས།། ཉེས་པ་ཐམས་ཅད་རྣམ་འཇོམ་པའོ།། འོན་ལུགས་ལོང་བ་ཞར་བ་དང་།། རྒན་པ་དང་ནི་ཤ་ཉེར་དང་།། བྱིས་པ་རྣམས་ལ་བྱེ་བྲག་དུ།། ཚངས་པར་སྤྱོད
280b2 པ་མྱེད་པའོ།། བསྒྲིབས་དང་གསལ་དང་ལྷའི་ནི།། མཚན་རྣམས་ཀྱིས་ནི་འཁོར་ལོས་སྒྱུར།། གསལ་བ་ལ་ལར་རབ་ཏུ་བྱུང་།། གཉིས་པོ་གཞན་ནི་བཀ་མྱེད་པའོ།། རྒྱས་དག་གཟེག་ཅན་ཁྱུ་མཆོག་དང་།། སེར་སྱ་ཤག་ཀྱའི།
280b3 གཙོ་བོ་རྣམས།། ང་ནི་མྱ་ངན་འདས་འོག་ཏུ།། དེ་ལས་སྩོགས་པ་འབྱུང་བར་འགྱུར།། མྱ་ངན་པ་འདས་ལོ་བརྒྱར།། ཆས་དང་འུར་འཕེལ་དེ་བཞིན་དུ།། ཕན་ད་བ་དང་ཀོའུ་བ་ར་དང་།། དགའ་བའི་འོག་ཏུ་མོའུ་རི་འབྱུང་།། མོའུ་རྱ་དག
280b4 བོ་སྐྱབས་འོག་ཏུ།། ཀླང་ཀློའི་རྒྱལ་པོ་ཐ་ཤལ་རྣམས།། ཀླང་གློའི་རྣ་ས་སུ་མཚོན་གྱིས་འཐུག། མཚོན་ཀྱི་རྗེས་ལ་རྩོད་དུས་སོ།། རྩོད་དཔའི་དུས་ཀྱི་ཐ་མ་ལ།། འཇིག་རྟེན་དམ་ཆོས་མྱི་སྒོམ་མོ།། དེ་ལས
280b5 སྩོགས་པ་འདུས་པ་དག། འགྲོ་བ་འཁོར་ལོ་བཞིན་དུ་འཁོར།། མྱེ་དང་ཉི་མ་ཕྲད་པའི་ཕྱིར།། འདོད་པའི་འམས་ནི་བསྲེག་ནས་ཀྱ།། ། གང་ལ་འཇིག་རྟེན་གནས་འགྱུར་བར།། ཕྱི་ནིང་ལྒ་རྫས་ཀཿ
280b6 སུ་འགྱུར།། རིགས་བཞི་མྱི་འགོན་དབང་པོ་དང་།། དྲང་སྲོང་རྣམས་ཀྱ་ང་ཆོས་ཀྱང་སྟེ།། འརིག་བྱེད་ཆོས་འབྱིན་མཆོག་སྦྱིན་དང་།། ཆོས་ཀྱི་རྣམས་ནི་ཡང་འབྱུང་འགྱུར།། གཏམ་དང་སྲུང་ལས་སོགས་པ་དང་།། རྒྱང
280b7 པར་རྟོགས་བྱེད་འགྲེལ་པ་དང་།། འདི་སྐད་བདག་གིས་ཐོས་བསྡོགས་པས།། འཇིག་རྟེན་ཤིན་ཏུ་རྨོངས་པར་འགྱུར།། ཤིནད་ཏུ་འཆོས་ཤིང་བཅག་བྱས་ནས།། སྟེང་དཔའ་དོག་སྦྱར་པ་བྱ།། སྔོ་དང་ལྡ་པ་འདམ་སྩོགས་པ
280b8 སྣམ་བུ་ཤི་ནཱིད་ཏུ་བྲི་བར་བྱ།། ལུས་ནི་ཀོས་རྣམས་ཀུན་ཀྱིས་བཀྲི།། མུ་སྟེགས་མཚན་མ་ཀུན་སྤངས་པའི།། རྣལ་འབྱོར་ད་ཅན་གྱིས་བསྟོད་པ་བཤད།། དེ་ནི་སངས་རྒྱས་རྒྱལ་མཚན་ནོ།། ཆགས་ཀྱིས་བསྩགས་པའི་ཆུའང
280b9 འཐུང་།། རྐྱེནད་པའི་སྲད་བུ་བཅང་བར་བྱ།། དུས་སུ་འོས་པར་གྱུར་ད་པ་དང་།། དམའ་བ་སྤངས་པའི་སློངས་མོ་ཟས།། མཐོ་རས་ནས་ནི་ལྒ་རྫས་འབྱུང་།། གཉིས་པ་གཞན་ནི་མྱི་ལས་འབྱུང་།། རིན་ཆེན་མཚན་རྣམས




iiif viewer powered by OpenSeadragon

280a - 281a

Texts on this page

Ng17.4 - 'phags pa lang kar gshegs pa'i theg pa chen po'i mdo