| e-texts navigator |
| Wylie |
280a1 ནི་གཟུང་བྱས་ཀྱང་།། མྱི་མཁས་རྣམས་ཀྱིས་མྱི་མཐོང་སྟེ།། མཁས་པས་མ་མཐོང་རྣམ་པར་གྲོལ།། རིགས་སྔགས་ལ་སྩོགས་དཔེའ་རྣམས་ཀྱིས།། སེམས་ནི་རྟོགས་པར་མྱི་ནུས་སོ།། གང་ལ་གང་ཕྱིར
280a2 གར་དོན་ཏུ།། འདུས་པ་རྣམས་ནི་མྱི་རྟོགས་སོ།། ཆོས་རྣམས་མཚན་ཉིད་མྱི་འདྲ་སྟེ།། སེམས་གཅིག་པོ་ནི་མྱི་བཟུང་ངོ་།། རྒྱུད་མྱེད་པར་ཡང་མྱི་འཇུག་པར།། རྟོག་གེ་པ་ལ་ཉེས་པར་འགྱུར།། སེམས་ཀྱི་རྗེས་ལ་རྣམ
280a3 འབྱོར་ད་པ།། སེམས་རྣམས་ཀྱིས་ནི་སེམས་མྱི་མཐོང་།། མཐོང་བྱེད་སྣང་བས་བྱུང་བས་ན།། སྣང་བ་ཅིའི་རྒྱུ་ཡང་འབྱུང་།། ད་ནི་ཀ་ཏ་ཡོའི་རིགས།། གཙང་བའི་གནས་ནས་འབྱུང་བ་སྟེ།། མྱ་ངན་འདས་པའི་གྲོང
280a4 འགྲོ་བའི།། ཆོས་ནི་སེམས་ཅན་རྣམས་ལ་སྟོན་།། འདི་ནི་སྔོན་གྱི་ལས་ཡིན་ཏེ།། པ་དང་དེ་བཞིན་གཤེགས་རྣམས་ཀྱིས།། སྟོང་ཕྲ་ཀ་གསུམ་གྱི་མདོ་རྣམས་ཀྱིས།། མྱ་ངན་འདས་པ་ཤིན་ཏུ་བཤད
280a5 འདོད་པའི་ཁམས་དང་གཟུགས་མྱེད་དུ།། སངས་རྒྱས་རྣམ་པ། ར་འཚང་མྱི་རྒྱ།། གཟུགས་ཀྱི་མ་ཐམས་ཀྱི་འོག་མྱིན་དུ།། འདོད་ཆགས་བྲལ་ཁྱོད་འཚང་རྒྱའོ།། འཆིང་བའི་རྒྱུ་ནི་ཡུལ་མ
280a6 ཡིན།། རྒྱུ་ནི་ཡུལ་ལ་འཆིང་བ་སྟེ།། ཡེ་ཤེས་ཀྱིས་ནི་ཉོན་མོངས་བསད།། འདི་ནི་རྟུལ་ཤུགས་རལ་གྱི་སོ།། བདག་མྱེད་སྒྱུ་མ་ལས་སྩོ་གས་པའི།། ཆོས་རྣམས་ཇི་ལྟར་ཡོད་མྱེད་འགྱུར།། བྱིས་པ་རྣཾས
280a7 ལ་ཡང་དག་སྣང་།། བདག་ཉིད་ཀྱི་ནི་ཇི་ལྟར་མྱེད།། བྱས་པ་དང་ནི་མ་བྱས་ཕྱིར།། རྒྱུ་ནི་འཇུག་པར་བྱེད་པ་མྱེད།། འདི་ཐམས་ཅད་མ་སྐྱེས་ཏེ།། བྱིས་པ་རྣམས་ཀྱིས་མྱི་ཤེས་སོ།། རྒྱུའི་རྣམས་ནི་མ་སྐྱེས་ཏེ།
280a8 རྐྱེན་རྣམས་དེ་དག་བྱས་པའོ།། དེ་ཀོཉིས་སྐྱེས་པ་མ་ཡིན་ན།། རྒྱུ་རྣམས་ཀྱིས་ནི་ཇི་ལྟར་བརྟག། སྔ་ཕྱི་དང་ནི་ཅིག་ཅར་ཡང་།། རྟོག་གེ་པ་རྣམས་རྒྱུར་སྟོན་ཏེ།། སྣང་དང་སློབ་མ་རྫས་སྩོགས་ཀྱིས།། དངོས
280a9 པོ་ཐམས་ཅད་སྐྱེ་བར་འཆད།། མངོན་པར་འདུ་བྱེད་མཚན་རྣམས་ཀྱིས།། སངས་རྒྱས་མཚན་མ་ཡིན་ཏེ།། དེ་དག་འཁོར་ལོས་སྒྱུར་ཡོན་ཏད།། དེས་ནི་སངས་རྒྱས་ཀྱི་བརྗོད་དོ།། སངས་རྒྱས་མཚན་ནི་སེམ