e-texts navigator
Collection
Volume
Page
Wylie

279b1 མཆོག་གིས་རབ་ཏུ་བསྟན་ད།། སེམས་ནི་རང་བཞིན་འོད་གསལ་བ།། དེ་ལས་གཞན་པ་ཐོག་མ་མྱེད།། དེ་དག་གིས་ནི་བསགས་པའི་ལས།། དེས་ནི་དེ་གཉིས་ཉོན་མོངས་འགྱུར།། ཐོག་མ་མྱེད་ཀྱི་བློ་བུར་གྱི།། ཉོན་མོངས
279b2 ནམས་དང་ལྡན་པས་ན།། རང་བཞིན་འོད་གསལ་བདག་ཉོན་མོངས།། རས་དང་འདྲ་བར་དག་པར་འགྱུར།། ཅི་ལྟར་གོས་སམ་གསེར་ཡང་རུང་།། དྲི་མ་མྱེད་ཕྱིར་ཉེས་སྤངས་བཞིན།། གནས་ཤིང་འཇིག་པར་མྱི་འགྱུར་ཏེ།།
279b3 ཉེས་མྱེད་བདག་ཉིད་དེ་བཞིན་ནོ།། རྔ་འམ་དུང་ངམ་པི་བར་ངམ།། སྒྲ་སྙན་ཕུན་སུམ་ཚོགས་པ་དག། མྱི་མཁས་ལ་ལ་ཚོལ་བར་བྱེད།། དེ་བཞིན་གར་ཟག་ཕུང་པོ་ལའོ།། ས་ལ་གཉེར་དང་ནོར་བུ་དང་།། དེ་བཞིན་དུ་ནི་ཆུ་ནས
279b4 དང་།། ཡོད་བཞིན་དུ་ཡང་མྱི་སྣང་བ།། དེ་བཞིན་གང་ཟག་ཕུང་པོ་ལ་འོ།། སེམས་དང་སེམས་ལས་བྱུང་ཚོགས་དང་།། བདག་གི་ཡོ་ནཏན་འདི་དག་ནི།། མྱི་མཁས་པས་ནི་མྱི་ཤེས་ཏེ།། དེ་བཞིན
279b5 ཀང་ཟག་ཕུང་པོ་ལའོ།། ཇི་ལྟར་སྡོམ་པར་གྱུར་པའི་ཤིང་།། དེ་ལྟ་ར་གྱིས་ནི་ཤིང་རྣམས་ལ།། རིགས་པ་མྱི་ཤེས་པས་མྱི་མཐོང་། དེ་བཞིན་གང་ཟག་ཕུང་པོ་ལའོ།། དངོས་པོ་རྣམས་ལ་མྱི་རྟག་དང
279b6 སྟོང་པ་ཉིད་ཀྱང་ཡོད་བཞིན་དུ།། མྱི་མ་ཁས་རྣམས་ཀྱིས་མྱི་མཐོང་བ།། དེ་བཞིན་གང་ཟག་ཕུང་པོ་ལའོ།། ས་དང་དབང་དྲང་མངོན་ཤེས་དང་།། བླ་མའི་ནི་དབང་སྐུར་དང་།། ཏིང་ངེ་འཛིནད་དང་ཁྱད་པར་རྣམས།།
279b7 བདག་མྱེད་ན་ནི་མྱེད་པ་ཡིན།། གང་ཚེ་འཇིག་བྱེད་སོང་ན་ནི།། གལ་ཏེ་ཡོད་ན་སྟོན་ཅེས་ཟེར།། རང་གི་རྣམ་རྟོག་སྟོན་ཅིང་ཅེས།། དེ་ལ་མཁས་པས་བསྒོམ་པར་བྱ།། སངས་རྒྱས་ཆོས་ལ་གནོད་བྱེད་པ།། ཡོད
279b8 མྱེད་ཕྱོགས་ལ་ལྟ་བའི།། བདག་མྱེད་སྨྲ་དང་སྤར་མྱི་བྱ།། དགེ་སློང་ལས་ལ་སྤང་བར་བྱ།། བདག་མྱེད་ནགས་ཚལ་སྲེག་བྱེད་ཅིང་།། མུ་སྟེགས་ཉེས་ལ་རྣམ་གྲོལ་བ།། དུས་མཐའི་མྱེ་ནི་འབར་བ་བཞིན།། བདག
279b9 ཏུ་སྨྲ་འདི་རབ་ཏུ་འབར།། ཥན་ད་སྤྲང་མི་ཥ་ར་དང་།། མར་དང་ཏིལ་ལས་སྩོགས་པ་ལ།། དེ་དག་རང་གི་རེ་ཡོད་ཀྱང་།། མ་མྱངས་བར་དུ་རྟོགས་མྱི་འགྱུར།། ཕུང་པོ་མ་ཐོ་བ་རྣམས་ལ་བདག། རྣམ་པ་ལྟར




iiif viewer powered by OpenSeadragon

279a - 280a

Texts on this page

Ng17.4 - 'phags pa lang kar gshegs pa'i theg pa chen po'i mdo