| e-texts navigator |
| Wylie |
278b1 མྱེད་ཕྱོགས་ལ་རྟོག་པ་རྣམས།། རྨོངས་པས་འོདུདུ་མྱི་ཆུད་དོ།། སེམས་དང་ལྷན་ཅིག་ལྡན་པ་སྟེ།། ཡིད་ལས་སྲོགས་དང་བྲལ་བ་ཡིན།། རྣམ་དག་མཚན་ཉིད་སེམས་ཅན་ནི།། ཡེ་ཤེས་དང་ནི་ལྷན་ཅིག་གནས།། གཟུགས་དཔལས
278b2 ནི་ཡང་ཡོད་དང་།། ཕུང་པོ་ཡུལ་གྱི་རྒྱུས་བྱུང་དང་།། སེམས་ཅན་རྣམས་ཀྱང་ཉེར་ལེན་མྱེད།། གཟུགས་མྱེད་པ་ན་མྱི་གནས་སོ།། སེམས་ཅན་མྱེད་པར་གྱུར་པའི་ཕྱིར།། སེམས་ཅན་སྨྲ་བ་བདག་མྱེད་འགྱུར།། རྣམ་པར་ཤེས་པའི
278b3 མྱི་འབྱུང་ཕྱིར།། བདག་མྱེད་སྨྲ་བ་ཆད་པར་འགྱུར།། དེའི་གནས་པ་བཞི་པོ་རྣམས།། གཟུགས་མྱེད་པར་ནི་ཅི་ལྟར་སོང་།། ཕྱི་ནང་དངོས་པོ་མྱེད་པའི་ཕྱིར།། རྣམ་པར་ཤེས་པ་མྱི་འདུག་གོ།། སྲིད་པ་བར་མའི་ཕུང་པོ་རྣམས།། ཏོག
278b4 གེ་ཅན་རྣམས་འདོད་པ་ལྟར།། དེ་བཞིན་གཟུགས་མྱེད་པར་སྐྱེས་པའི་སྲིད་པའི་གཟུགས་ནི་མྱེད་དམ་ཅི།། སེམས་ཅན་རྣམ་ཤེས་མྱེད་ན་ནི། ནན་ཏན་མ་བྱས་ཐ་རད་པར་འགྱུར།། མུ་སྟེགས་སྨྲ་བ་ཐེ་ཙོམ་མྱེད།། རྟོག།
278b5 ཀེ་ཅན་གྱིས་མྱི་ཤེས་སོ།། དེ་ན་གཟུགས་ཀྱང་ཡོད་པ་སྟེ།། གཟུག། ས་མྱེད་པ་ལ་ལྟ་བ་མྱེད།། དེ་མྱེད་པས་མ་གྲུབ་མཐའ་མྱེད།། ཐིག་པ་བྱེད་ཅིང་འགྲོ་བ་མྱེད། དམ་པོ་རྣམས་དང་ལྡན་པའི།། བག་ཆགས་ལས་བྱུང་རྣམ་ཤེས་པ།། རྣམ
278b6 ཤེས་པ།། རྣམ་པ་བརྒྱད་ལ་ཕྱོགས་གཅིག་ན།། སྐད་ཅིག་དུས་སུ་མྱི་འཛི་ནད་ཏོ།། ཇི་ལྟར་གཟུགས་ནི་མྱི་འཇུག་ལྟར།། དབང་པོ་དང་ནི་དབང་མྱི་འཇུག། ཇི་ལྟར་བཅོམ་ལྡན་འདས་ཀྱིས་ཀྱང་།། དབང་པོ་ལ་སྩོགས
278b7 སྐད་ཅིག་བཤད།། གཟུགས་ནི་རྟོགས་པར་མ་གྱུརྡ་པར།། རྣམ་པར་ཤེས་པ་ཇི་ལྟར་འཇུག། རྣམ་པར་ཤེས་པ་ལ་ཞུགས་ན།། ཇི་ལྟར་འཁོར་བ་བསྐྱེད་པར་འགྱུར།། སྐྱེས་མ་ཐག་ཏུ་འཇིག་པར་ནི།། རྣམ་པར་འདྲེན་པ
278b8 མྱི་འཆད་དོ།། དངོས་པོ་རྣམས་ཀྱི་རྗེ་རྟོག་པ།། འགྲོ་བ་བར་ཆད་མྱེད་པར་གཡོ།། དབང་པོ་རྣམས་དང་དབང་པོའི་དོན།། མཁས་པ་མ་ཡིན་བླུན་པོ་ལ།། བྱིས་པ་རྣམས་ནི་གྱི་གས་འཛིང།། འཕགས་པ་མྱིང་གི་དོན་ལ་མཁས
278b9 དྲུག་པོ་ལ་ནི་ཉེར་ལེན་མྱེད།། ཉེར་ལམ་བཅས་པ་མྱི་ཟིན་ནོ།། ཡོད་པའི་ཉེས་དང་རྣམ་བྲལ་བ།། བྱེ་བྲག་མྱི་འབྱེད་འཕགས་པ་སྨྲ།། ཤེས་པ་སྤངས་པའི་རྟོག་ཀེ་པ།། རྟཀ་དང་ཆད་པས་འཇིག་པ་དགེ།། འདུས་བྱས་འདུས