e-texts navigator
Collection
Volume
Page
Wylie

278a1 རྣམ་པར་རྟོག་པ་སྐྱེས་པ་སྦྱར།། འཇུག་པ་རྣམ་པ་གཉིས་ཀྱིས་འདུག། བྱིས་པ་རྣམས་ཀྱིས་ཀྱི་རྟོགས་སོ།། མ་ཆང་བ་དང་རྐྱེནད་ཀྱིས་དབང་།། དེ་བཞིན་ཉན་ཐོས་དགྲ་བཅོམ་པ།། བདག་མཐུ་རང་ལས་རྒྱལ་བ་དང་།། རམ།
278a2 ལུས་ཉན་ཐོས་ལྔ་པོར་བཤད།། དུས་གཞན་དུ་ནི་ཞིག་པ་དང་།། དོན་དམ་དུ་དང་ཕན་ཚུན་དང་།། མྱི་རྟོག་པ་ནི་རྣམ་པ་བཞི།། བྱིས་པ་མྱི་མཁས་རྟོག་པར་བྱེད།། ཡོན་ཏན་རྡུལ་ཕྲན་རང་བཞིན་རྒྱས།། བྱིས་པ་མཐའ་གཉིས་སུ་ས།
278a3 དག། ཡོད་དང་མྱེད་པའི་ཕྱོགས་འཛིན་ཕྱིར།། ཐ་དད་པའི་ནི་ཐབས་མྱི་ཤེས།། ཇི་ལྟར་བྱིས་པ་སོར་མོའི་རྩེར།། ཟླ་བར་འཛིནད་ཏེ་གཞན་དུ་མྱིན།། དེ་བཞིན་ཡི་གེར་ཆགས་པ་རྣམས།། ངའི་དེ་བཞིན་ཉིད་མྱི་རྟོགས།། འབྱུང་བ་ཨམ
278a4 ཉིད་ཀྱི་མཐུན་པ།། གཟུགས་ཀྱི་དངོས་པོ་སྐྱེ་བ་སྟེ།། དེ་ནི་འབྱུང་བ་ཀ་ནས་མ་ཡིན།། འབྱུང་འགྱུར་འབྱུང་བས་མ་བྱས་སོ།། མྱེ་ནི་གཟུགས་ལ་སྲེག་པར་བྱེད།། སྤྲུལ་པའི་རང་བཞིན་ཆུའི་ཁམས།། རླུང་གི་གཟུགས།
278a5 ལ་གཏོར་བྱེད་ན།། འབྱུང་བས་ཇི་ལྟར་སྐྱེ་བར་འགྱུར།། རྣམ་པར་ཤེས་དང་གཟུགས་ཕུང་པོ།། དེ་ནི་གཉིས་ཏེ་ལྔ་མ་ཡིན།། ཕུང་པོ་རྣམ་གྲང་། ས་ཐ་དད་པ།། ངས་ནི་རྣམ་པ་བརྒྱར་ཡང་བཤད།། སེམས་རང་སེམས
278a6 བྱུང་བྱེ་བྲག་དུ།། འཇུག་པ་རབ་ཏུ་འཇུག་པ་ཡིན།། གཟུགས་ཀྱི་རྣམ་པ་འདྲེས་པ་སྟེ།། འབྱུང་ལས་གྱུར་དམྱིན་སེམས་གཟུགས་སོ།། སྔོན་ལས་སྲོག། ས་པའི་ཟླའི་ས་དཀར།། དཀར་ལས་སྩོགས་པའི་ཟླ་བའིས་སྔོ།། རྒྱུ་དང
278a7 འབྲས་བུ་སྐྱེད་པ་དང་།། ཡོད་དང་མྱེད་པའི་སྟོང་པ་ཉིད།། སྒྲུབ་བྱེད་དང་ནི་སྒྲུ་བ་བྱ་དང་།། གང་དྲོ་མཚན་དང་མཚན་གཞི་དང་།། དེ་ལས་སྩོགས་པ་ཐམས་ཅད་ནི།། རྟོག་གེ་ཅན་གྱིས་མ་བསྒྲུབས་སོ།། སེམས་དང་ཡིད་དང་རྣམ་ཤེས་དྲུག།
278a8 དེ་དག་བདག་དང་ལྡན་པ་སྟེ།། གཅིག་དང་ཐ་དད་བྲལ་བས་སོ།། ཀུན་གཞི་དེ་ནི་རབ་ཏུ་འཇུག། སེམས་ཅན་གཅེས་བུ་ཁྱད་པར་ཅན།། དབང་ཕྱུག་སྨྲ་བའི་རྟོག་གེ་བ།། ཡོད་དང་མྱེད་པའི་ཕྱོགས་སུ་ལྷུང་།། དབེན་པའི་དོན་གྱིས་རྣམ
278a9 པར་སྤངས།། དབྱིབས་དང་བྱད་ཀྱི་བྱེ་བྲག་དང་།། འབྱུང་ལས་སྐྱེས་དེ་བྱུང་བའི་རོ།། མུ་སྟེགས་ཅན་ནི་འཐུང་འགྱུར་དང་།། འབྱུང་བ་རྣམས་ཀྱང་སྐྱེ་བར་སྨྲ།། དེ་ལས་གཞན་དུ་མུ་སྟེགས་ཅམ།། སྤྲུ་ལ་མ་སྐྱེས་རྟོག་པར་བྱེད།། སོད




iiif viewer powered by OpenSeadragon

277b - 278b

Texts on this page

Ng17.4 - 'phags pa lang kar gshegs pa'i theg pa chen po'i mdo