e-texts navigator
Collection
Volume
Page
Wylie

252b1 ཉིད་དང་། ལྷག་མཐོང་མཉམ་པ་ཉིད་དེ་མཉམ་པ་ཉིད་བཞི་པོ་དེ་དག་བྱང་ཆུབ་སེམས་དཔས་ཁོང་དུ་ཆུད་པར་བྱའོ།། གང་ཞིག་མཉམ་པ་ཉིད་བཞི་པོ་དེ་དག་ཁོང་དུ་མ་ཆུད་པར་སྨྲ་ན་ཇི་སྨྲ་ཡང་དེ་བདག་སྨྲས་པར་འགྱུར་རོ།། གཞན།
252b2 ཡང་ཆོས་བཞི་དང་ལྡན་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་མ་སྨྲས་པར་ཐར་པ་གྱུར་ད་ཏེ། བཞི་གང་ཞེ་ན། སེམས་ཅན་ཐམས་ཅད་ལ་ཁོང་འཁྲོ་བ་མྱེད་པའི་སེམས་དང་། ཤེས
252b3 པས་མོས་ནས་ཆོས་སྨྲ་བ་རྣམས་ལ་དགལ་བར་མྱི་བྱེད་པ་དང་། ཕ་རོལ་མྱི་སྤོང་བ་དང་། དེ་བཞིན་གཤེགས་པས་གསུངས་པ་ཐམས་ཅད་ལ་གུས་པ་ཡིན་ཏེ། ཆོས་བཞི་པོ་དེ་དག་དང་ལྡན་ན་རིགས་ཀྱི་བུ་འམ་རིགས་ཀྱི་བུ
252b4 མོ་དེས་མ་སྨས་པར་ཐ་རད་པར་འགྱུར་རོ།། འཇམ་དཔལ་བྱང་ཆུབ་སེ་དམས་དཔའ་གང་ཞིག་གིས་བསྐལ་པ་གང་འགའི་ཀླུང་གི་བྱེ་མ་སྙེད་དུ་སངས་རྒྱས་ཀྱི་ཞིང་ཐམས་ཅད་རིན་པོ་སྣ་བདུན་གྱིས་བརྒྱན་ཏེ། སངས
252b5 རྒྱས་བཅོམ་ལྡན་འདས་གང་འགའི་ཀླུང་གི་བྱེ་མ་སྙེད་ལ་ཉིད་ཅིག། བཞིན་དབུལ་བ་བས་གང་ཞིག་གིས་རྣམ་པར་འཐག་པ་ཐམས་ཅད་བསྡུས་པའི་མདོའི་ཆོས་ཀྱི་རྣམ་གྲངས་འདི་བྲིས་ཤིང་གླེགས་བམ་དུ
252b6 བྱས་ཏེ། ཐ་ན་ལན་གསུམ་བླགས་ན་འདི་ནི་དེ་བས་བསོད་ནམས་ཀྱི། ཕུང་པོ་ཆེས་མང་དུ་སྐྱེད་པར་འགྱུར་རོ།། དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་གང་རྣམ་པར་འཐག་པ་ཐམས་ཅད་བསྡུས་པའི
252b7 མདོ་འདི་ལ་བསླབ་པའི་བསོད་ནམས་ཀྱི་ཕུང་པོ་དང་མཉམ་པའི་སྦྱིན་པ་དང་། ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་དེ་མྱེད་དོ།། ཆོས་ཀྱི་རྣམ་གྲངས་འདི་བཤད་པ་ན།
252b8 བྱང་ཆུབ་སེམས་དཔའ་གང་འགའི་ཀླུང་བཅུའི་བྱེ་མ་སྙེད་ཀྱི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་གྱུར་ཏོ།། བྱང་ཆུབ་སེམས་དཔའ་གང་འགའི་ཀླུང་བདུན་བཅུའི་བྱེ་མ་སྙེད་ནི། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ
252b9 ལས་ཕྱིར་མྱི་ལྡོག་པར་གྱུར་ཏོ།། སྟོང་གསུམ་གི་སྟོང་ཆེན་པོའི་འཇིག་རྟེན་གི་ཁམས་འདིའི་བསོད་ནམས་པ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དྲུག་བཅུས་ཆོས་ཀྱི་རྣམ་གྲངས་འདི་ལ་ཡི་རང་ནས་བྱང་ཆུབ་ཏུ་གོ་ཆ་ཆེན་པོ་བགོས་པས།




iiif viewer powered by OpenSeadragon

252a - 253a

Texts on this page

Ng15.11 - 'phags pa rnam par 'thag pa thams cad bsdus pa zhes bya ba theg pa chen po'i mdo