| e-texts navigator |
| Wylie |
252a1 ངས་ནི་འདུས་བྱས་ཀྱིས་དེ་སྙེད་དང་། འདུས་མ་བྱས་ཀྱིས་དེ་སྙེད་དང་། ངས་ནི་དྲང་བས་དེ་སྙེད་དང་། དྲང་བ་མྱེད་པས་དེ་སྙེད་དང་། ངས་ནི་གསང་བས་དེ་སྙེད་དང་། གསང་བ་མྱེད་པས་དེ་སྙེད་དང་། ངས་ནི།
252a2 འཁོར་བའི་སྒོ་དེ་སྙེད་དང་། ངས་ནི་མྱ་ངན་ལས་འདས་པའི་སྒོ་དེ་སྙེད་དང་། ངས་ནི་འཇིག་རྟེནད་པ་དེ་སྙེད་དང་། ངས་ནི་འཇིག་རྟེན་ལས་འདས་པ་དེ་སྙེད་དང་། ངས་ནི་འདོད་ཆགས་ཀྱི་སྒོ་དེ་སྙེད་དང་། ངས་ནི་ཞེ་སྡང་གི་སྒོ་དེ་སྙེད
252a3 དང་། རས་ནི་གཏི་མུག་གི་སྒོ་དེ་སྙེད་དང་། འཇམ་དཔལ་ངས་ནི་གང་གའི་བྱེ་མ་སྙེད་པ་དེ་སྙེད་ཀྱི་སྤང་བའི་སྒོའི་ཆོས་ཀྱི་སྒོ་རྣམས་བསྟན་ཏེ། འཇམ་དཔལ་ཐམས་ཅད་ཀྱང་འདི་ལྟ་སྟེ། མྱི་རྟག་པའི་ཚུལ་དུ་ཤེས་རབ
252a4 ཀྱི་ཕ་རོལ་ཏུ་ཕྱིནད་པའི་ཚུལ་ཡིན་ན། དེ་ལ་ཕྱོགས་ཀྱི་ཡང་ཕྱོགས་གཅིག་ཤེས་པས་དེ་བཞིན་གཤེགས་པ་ལ་སྐུར་པ་འདེབས་སོ།། དེ་ནས་བཅོམ་ལྡན་འདས་ལ། འཇམ་དཔལ་གཞོན་ནུར་གྱུར་པས
252a5 འདི་སྐད་ཅེས་གསོལ་ད་ཏོ།། བཅོམ་ལྡན་འདས་གལ་ཏེ། ལ་ལ། ཞིག་སྡིག་པའི་གྲོགས་པོའི་དབང་གིས་ཆོས་སྤོང་བ་འདི་ལྟ་བུ་འདི། བགྱིས་པར་གྱུར་ན། བཅོམ་ལྡན་འདས་དེའི་ཚེ་འདི་ཉིད་ལ་ཇི་ལྟར
252a6 ཐ་རད་པར་འགྱུར། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་འཇམ་དཔལ་གཞོ་ཆུར་གྱུར་པ་ལ་འདི་སྐད་ཅེས་པ་ཀའ་སྩལ་ད་ཏོ།། འཇམ་དཔལ་གལ་ཏེ་ལོ་བདུན་གྱི་བར་དུ་ཉིན་ཅིག
252a7 ཙམ་དུས་གསུམ་དུ་ཉེས་པ་ལ་ཉེས་པར་བཤགས་ནས། དེའི་འོག་ཏུ་བྱང་བར་གྱུ་རད་ཏེ། དེ་ཕྱིན་ཅད་ཉུང་ན་བསྐལྡ་པ་བཅུས་བཟོད་པར་འགྱུར་རོ།། འཇམ་དཔལ་གལ་ཏེ་བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུ་འམ།
252a8 རིགས་ཀྱི་བུ་མོ་ཞིག་ཆོས་ཀྱི་རྣམ་གྲངས་འདི་མ་བཟུང་མ་བླགས་པར་སྨྲ་ན། ཆོས་ཀྱིས་ཕོངས་པར་འགྱུར་བ་ལས་མ་སྨྲས་པར་ཐ་རད་པར་ཤིན་ཏུ་དཀའོ།། དེ་ལྟ་བས་ན་བྱང་ཆུབ་སེམས་དཔས་འདི་ལ་བསླབས་ནས། ཕྱིས་བསྟན་པར
252a9 བྱ་སྟེ། དེ་ལྟར་ན་དེ་སྨྲས་པར་མྱི་འགྱུར་རོ།། འཇམ་དཔལ་བྱང་ཆུབ་སེམས་དཔས་མཉམ་པ་ཉིད་བཞི་ཁོང་དུ་ཆུད་པར་བྱ་སྟེ། བཞི་གང་ཞེ་ན། སེམས་ཅན་མཉམ་པ་ཉིད་དང་། ཆོས་མཉམ་པ་ཉིད་དང་། བྱང་ཆུབ་མཉམ་པ