| e-texts navigator |
| Wylie |
251b1 ཡང་སྨོན་ལམ་ལེགས་པར་བཏབ་པ་ཡིན་ན། འདི་ལྟར་གྱི་བླུན་པོ་དེ་དག་ངན་སོང་དུ་འགྲོ་བར་བདུད་ཀྱིས་བྱིན་བརླབས་པའི་ཕྱིར་དེ་ལ་ཡང་སྐྱོན་འདོགས་པར་སེམས་སོ།། དེ་བཞིན་གཤེགས་པས་གནང་བའི་ཆོས་སྨྲ་བ་དེ་དག་ལ་ཡང་སྐྱོན
251b2 འདོགས་པར་སེམས་སོ།། རྙེད་པའི་ཕྱིར་ཁྱིམ་བསྲུང་བར་གནས་པ་ཡིན་གྱི་དེ་བཞིན་གཤེགས་པའི་བསྟནད་པ་བསྲུང་བས་གནས་པ་ཡིན། རིགས་ལ་ཀདུ་བས་བྲམ་ཟེ་དང་ཁྱིམ་བདག་རྣམས་ལ་སྨྲ་བ་ནི་འདི་སྐད་ཁྱོད་ཀྱིས་ལེགས་པར་སྨྲས
251b3 མོ།། ཁྱོད་ཀྱིས་དེ་བཞིན་གཤེགས་པའི་བཀའ་ལེགས་པར་རྟོགས་སོ་ཞེས་ཟེར་ཏེ། ཕྱོགས་ཀྱི་ཡང་ཕྱོགས་གཅིག་སྤྲས་པ་ལ་རྗེས་སུ་ཡི་རང་བའི་བཞིས་དེ་དག་ཆོས་སྤོང་བར་གྱུ་རད་པས། འདི་ལྟ་སྟེ་ངན་སོང་ཆེན་པོར་འགྲོ་བ
251b4 འགྲོ་བ་མཚུངས་པར་འགྱུར་རོ།། འཇམ་དཔལ་མངོན་པར་ཞེནད་པ་ལ་བྱ་ཚུ་ཟུང་ན་ཀྱི་ན་མ་ཁོ་ནས་པན་གྱི་ཀྱོག་གཉིས་སུ་བསྟོན། ངཔ་རྣམས་ཆོས་ཀྱིས་འཕོངས་པར་འགྱུར་བ་ལ་གྲོལ་བར་གྱི་སྨྲའོ།།
251b5 གཅིག་ཏུ་སྟོནད་པ་རྣམས་ངན་སོང་ལས་གྲོལ་བར་ང་མྱི་སྨྲའོ།། སྨྲ་བ། ལ་དཀའ་བ་རྣམས་ཡོངས་སུ་དག་པའོ།། ཞེས་ར་མྱི་སྨྲའོ།། འཇམ་དཔལ་ངས་ནི་ཀང་ཀའི་ཀླུང་གི་བྱེ་མ་སྙེད་པ་དེ་སྙེད་ཀྱི་ཆོས་ཀྱི་སྒོ་རྣཾས
251b6 མྱི་དམྱིགས་པའི་ཚུལ་གྱིས་བསྟན་ཏེ། འཇམ་དཔལ་གང་ཀའི་ཀླུ་ཀི་བྱེ་མ་ཇི་སྙེད་པ་དེ་སྙེད་ཀྱི་ཆོས་ཀྱི་སྒོ་རྣམས་ངས་མྱི་དམྱིགས་པོའི་ཚུལ་གྱིས་བསྟནད་ཏོ།། འཇམ་དཔལ་ངས་ནི་སྟོང་པ་ཉིད་ལ་མོས་པ
251b7 རྣམས་ལ་གང་ཀའི་ཀླུང་གི་བྱེ་མ་ཇི་སྙེད་པ་དེ་སྙེད་ཀྱི་ཆོས་སྒོ་རྣམས་བསྟན་ཏོ།། རས་ནི་སེམས་ཅན་དུ་འདུ་ཤེས་པས་དེ་སྙེད་དུ་ཆོས་ཀྱི་སྒོ་རྣམས་བསྟན་ཏོ།། ངས་ནི་མཚན་མ་མྱེད་པའི་སྒོ་ནས་དེ་སྙེད་ཀྱི་ཆོས་རྣམས་བསྟན་ཏོ།།
251b8 ངས་ནི་རྣམ་པར་རྟོག་པར་སྒོ་ནས་དེ་སྙེད་ཀྱི་ཆོས་ཀྱི་སྒོ་རྣམས་བསྟནད་ཏོ།། ངས་ནི་སྨོན་པ་མྱེད་པའི་སྒོ་ནས་དེ་སྙེད་ཀྱི་ཆོས་ཀྱི་སྒོ་རྣམས་བསྟནད་ཏོ།། ངས་ནི་སྨོནད་པའི་སྒོ་ནས་དེ་སྙེད་ཀྱི་ཆོས་ཀྱི་སྒོ་རྣམས་བསྟནད་ཏོ།། ངས་ནི་གང
251b9 ཐོག་སྒོནས་དེ་སྙེད་ཆོས་ཀྱི་སྒོ་རྣམས་བསྟན་ཏོ།། རས་ནི་གང་ཟག་མྱེད་པའི་སྒོ་ནས་དེ་སྙེད་ཀྱི་ཆོས་ཀྱི་སྒོ་རྣམས་བསྟན་ཏོ།། ངས་ནི་འཇུག་པ་དེ་སྙེད་དང་། ལྡོག་པ་དེ་སྙེད་དང་། ངས་མི་ཡོད་པས་དེ་སྙེད་པ། མྱེད་པས་དེ་སྙེད་དང་།