| e-texts navigator |
| Wylie |
251a1 འདི་ནི་བྱང་ཆུབ་སེམས་དཔའི་བསླབ་པའམ་ཡིན་ནོ།། ཞེས་ཟེར་ན་ཆོས་སྤོང་བ་ཡིན་ནོ།། སྤོབས་པ་ཡོད་དོ་ཞེའམ་སྤོབས་པ་མྱེད་དོ་ཞེས་ཟེར་ན་ཆོས་སྤོང་བ་ཡིན་ནོ།། ཆོས་ནི་ཆོས་མ་ཡིན་པར་སྟོན་ད་ཏོ་ཞེས་ཟེར་ན་ཆོམ།
251a2 སྤོང་བ་ཡིན་ནོ།། སངས་རྒྱས་འབྱུང་བ་མྱེད་པར་ཡང་གཟུངས་འཐོབ་ཅེས་ཟེར་ན་ཆོས་སྤོང་བ་ཡིན་ནོ།། གཟུངས་འཐོབ་པའི་ཐོབ་པ་ནི་ཡོངས་སུ་དག་པ་མ་ཡིན་ནོ་ཞེས་ཟེར་ན་ཆོས་སྤོང་བ་ཡིན་ནོ།། ཆོས་སྨྲ་བའི་སྤྱོད་ཉེས་པར་བྱས་པ
251a3 དང་ལྡན་ནོ་ཞེས་ཟེར་ན་ཆོས་སྤོང་བ་ཡིན་ནོ།། ཆོས་སྨྲ་བ་སྒྲུབ་པ་ཕུན་སུམ་ཚོགས་པ་མ་ཡིན་ནོ་ཞེས་ཟེར་བ་ནི་ཆོས་སྤོང་བ་ཡིན་ནོ།། བག་མྱེད་པས་གླེང་ན་ཆོས་སྤོང་བ་ཡིན་ནོ།། སྤྱོད་ལམ་གྱིས་གླེང་ན་ཆོས་སྤོང་བ་ཡིན་ནོ། གྱོད་པ་དང
251a4 ཚུལ་ཁྲིམས་ཉམས་པས་གླེང་ན་ཆོས་སྤོང་བ་ཡིན་ནོ།། སྤོབས་པར་གོ་བར་མྱི་བྱེད་དོ་ཞེས་ཟེར་ན་ཆོས་སྤོང་བ་ཡིན་ནོ།། སྣང་བ་ལགས་པར་མ་བཤད་དོ་ཞེས་ཟེར་ན་ཆོས་སྤོང་བ་ཡིན་ནོ།། ཁོང་དུ་མ་ཆུད་པས་ཚིག
251a5 དང་ཚིག་ཏུ་འགལ་བར་བྱས་སོ་ཞེས་ཟེར་ན་ཆོས་སྤོང་བ་ཡིན་ནོ།། ཡི་ཀེའི་མྱིང་གིས་དེ་བཞིན་གཤེགས་པའི་བཀའ་ལ་འཇུག་གོ་ཞེས་ཟེར། ན་ཆོས་སྤོང་བ་ཡིན་ནོ།། མདོ་སྡེ་དང་མདོ་སྡེ་འགལ་བར་བྱས་སོ་ཞེ
251a6 ཟེར་ཆོས་སྤོང་བ་ཡིན་ནོ།། ཚིགས་སུ་བཅད་པ་དང་ཚིགས་སུ་བ་དག་ལ་བར་བྱས་སོ་ཞེས་ཟེར་ན་ཆོས་སྤོང་བ་ཡིན་ནོ།། དོན་ལ་ལ་མོས་ཤིང་དོན་ལ་ལ་མ་མོས་ན་ཆོས་སྤོང་བ་ཡིན་ནོ།། ཆོས་འཆད་པའི་ཚེ་གཏམ་གཞན
251a7 ཏུ་བསྒྱུར་ན་ཆོས་སྤོང་བ་ཡིན་ནོ།། དཀྲུགས་མ་བྱེད་ན་ཆོས་སྤོང་བ་ཡིན་ནོ།། ཀུན་ཏུ་རྟོགས་པས་སྨྲ་ན་ཆོས་སྤོང་བ་ཡིན་ནོ།། འདི་ལ་སྱད་འདི་ལ་མྱི་སྤྱད་ཅེས་ཟེར་ན་ཆོས་སྤོང་བ་ཡིན་ནོ།། འདི་ནི་རིགས་འདི་ནི་མྱི་རིགས་ཤེས་ཟེར་ན
251a8 ན་སྤོང་བ་ཡིན་ནོ།། འཇམ་དཔལ་ཉན་ཐོས་རྣམས་ཀྱི་སྤོབས་པ་གང་ཇི་སྙེད་པ་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤོབས་པ་གང་ཇི་སྙེད་པ་དེ་དག་ཐམས་ཅད་ནི་དེ་བཞིན་གཤེགས་པའི་མཐུ་ཡིན་ནོ།། འཇམ་དཔལ་ངས་ནི་ཉན་པོས
251a9 རྣམས་ཀྱི་སྤོབས་པ་གང་ཇི་སྙེད་པ་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤོབས་པ་གང་ཇི་སྙེད་པ་དེ་དག་ཐམས་ཅད་དེ་བཞིན་གཤེགས་པའི་མཐུའ་ལས་བྱུང་བར་སྨོན་ལམ་ལེགས་པར་བཏབ་པ་ཡིན། འཇམ་དཔལ་ངས་ནི་བྱང་ཆུབ་ཏུ