| e-texts navigator |
| Wylie |
250b1 རབ་ཀྱི་ཕ་རོལ་ཏུ་ཕྱིནད་པའོ་ཞེས་ཟེར་རོ།། འཇམ་དཔལ་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའི་སྤྱོད་པ་ནི་དཔག་ཏུ་མྱེད་པའི་སྤྱོད་པའོ།། འདི་ལྟ་སྟེ་བྱང་ཆུབ་སེམས་དཔའ་སྤྱོད་པ་ནི་མཉམ་པ་མྱེད་པའི་སྤྱོད་པའོ།། འདི་ལྟ་སྟེ་བྱང་ཆུབ
250b2 སེམས་དཔའི་སྤྱོད་པ་ནི། ཡོངས་སུ་འཛིནད་པ་མྱེད་པའི་སྤྱོད་པའོ།། འདི་ལྟ་སྟེ་བྱང་ཆུབ་སེམས་དཔའི་སྤྱོད་པ་ནི་མྱི་འདོར་བའི་སྤྱོད་པའོ།། བྱང་ཆུབ་སེམས་དཔའ་སྤྱད་པའ། བྱང་ཆུབ་སེམས་དཔའི་སྤྱོད་པ་ནི་དམ་བཅས་པ་ལ་རྟེན
250b3 ཞིང་ལྷག་པའི་བསམ་པ་ཡོངས་སུ་དག་པའི་སྤྱོད་པའོ།། བྱང་ཆུབ་སེམས་དཔའི་སྤྱོད་པ་ནི་གཞན་ལ་ཕན་གདགས་པས་ཡོངས་སུ་མྱི་སྐྱོ་བའི་སྤྱོད་པའོ།། འཇམ་དཔལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྱོད་པ་ཡོངས་སུ་དག
250b4 པ་འདི་ལྟ་བུ་ནི་ངའི་ཆོས་ཡིན་ན། དེའི་ཚེ་མཐོང་དཀའ་བར་འགྱུར་རོ།། འཇམ་དཔལ་དེ་ལྟ་བས་ན་སྐྱེས་བུ་དམ་པ་ཉི་ཤུ་པོ་ཁྱེད་ཐམས་ཅད་ཀྱིས་ཅི་ནས་ཀྱང་ངའི་བྱང་ཆུབ་བསྐལ་པ་གྲངས་མྱེད་པ་བྱེ་བར་ཡང་དག་པར
250b5 བསྒྲུབས་པས་ཐབས་མཁས་པས་བསྟནད་པ་འདི་གཞན་གིས་ཤེས་པར་འགྱུར་བར་ཆོས་ཡང་དག་པར་བླང་བ་ལ་གནས་ཏེ། བཀག་ཡོད། པར་བྱའོ།། དམ་བཅས་པ་ལ་བརྟན་པར་བྱའོ།། ཁོང་ཁྲོ་བ་མྱེད
250b6 པའི་སེམས་སུ་བྱའོ།། སེམས་ཅན་འདི་ལྟ་སྟེ། ཆོས་སྤོང་བའི་གས་ངས་ཆེན་པོར་མྱི་ལྟུང་བར་བྱའོ།། དེ་ནས་འཇམ་དཔལ་གྱིས་གསོལ་ད་པ། བཅོམ་ལྡན་འདས་ཆོས་སྤོང་བ་ཞེས་བགྱི་བ་གང་ལགས
250b7 བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ད་པ། འཇམ་དཔལ་གང་དེ་བཞིན་གཤེགས་པས་གསུངས་པའི་བཀའ་ལ་ལ་ནི་བཟང་བར་འདུ་ཤེས། ལ་ལ་ནི་ངན་པར་འདུ་ཤེས་པ་དེ་ནི་ཆོས་སྤོང་བའོ།། གང་ཆོས་སྤོང་བ་དེས་ཆོས་སྤངས
250b8 པས། དེ་བཞིན་གཤེགས་པ་ལ་སྐུར་པ་འདེབས་པ་ཡིན། དགེ་འདུན་ལ་ངན་དུ་བརྗོད་པ་ཡིན་ནོ།། འདི་ནི་རིགས་པའོ།། འདི་ནི་མྱི་རིགས་པའོ་ཞེས་ཟེར་ན། ཆོས་སྤོང་བ་ཡིན་ནོ།། འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི
250b9 ཆེད་དུ་གསུངས་པའོ།། འདི་ནི་ཉན་ཐོས་རྣམས་ཀྱི་ཆེད་དུ་གསུངས་པའོ་ཞེས་ཟེར་ན་ཆོས་སྤོང་བའོ།། འདི་ནི་རང་སངས་རྒྱས་རྣམས་ཀྱི་ཆེད་དུ་གསུངས་པའོ་ཞེས་ཟེར་ན་ཆོས་སྤོང་བ་ཡིན་ནོ།། འདི་ནི་བྱང་ཆུབ་དཔའི་བསླབ་པའོ།།