e-texts navigator
Collection
Volume
Page
Wylie

250a1 སེམས་དཔའ་བལ་གླང་སྤོས་ཀྱི་གླང་པོ་ཆེ་དང་། བྱང་ཆུབ་སེམས་དཔའ་གཟི་བརྗིད་དབྱངས་ཀྱི་དབང་ཕྱུག་དང་། བྱང་ཆུབ་སེམས་དཔའ་སྒྲིབ་པ་ཐམས་ཅད་རྣམ་པར་སེལྡ་པ་དང་། བྱང་ཆུབ་སེམས་དཔའ
250a2 བརྩོན་པ་མྱི་གཏོར་གནས་པ་དང་། བྱང་ཆུབ་སེམས་དཔའ་ཡོན་ཏན་བརྒྱ་སྟོང་བརྒྱན་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་མཁྱེནད་ཀྱི་ཡེ་ཤེས་ལ་རྨོངས་པར་སེམས་པ་དང་། བྱང་ཆུབ་སེམས་དཔའ་བརྗོད་པ་གྲགས་པཱི
250a3 ཏོག་གི་རྒྱལ་མཚན་དང་། བྱང་ཆུབ་སེམས་དཔའ་ཆོས་ཐམས་ཅད་ཀྱིས་ཕན་གདགས་སེམས་པ་དང་། བྱང་ཆུབ་སེམས་དཔའ་སངས་རྒྱས་ཀྱི་ཡུལ་དང་མ་བྲལ་བར་གནས་པ་བྱང་ཆུབ་སེམས་དཔའ་ཙན་དན་གྱིརྟེད་པའི་གཟི་བརྗིད
250a4 ཀྱིས་བཏུལ་བར་རྣམ་པར་གནོནད་པ་དང་། བྱང་ཆུབ་སེམས་དཔའ་འཇིག་རྟེན་ཀུན་གྱིས་མཆོད་གྲགས་དང་། བྱང་ཆུབ་སེམས་དཔའ་ཉི་ཤུ་པོ་དེ་དག་གིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ད་ཏོ།།
250a5 བཅོམ་ལྡན་འདས་དེ་དེ་ལྟ་ལགས་སོ།། བདེ་བར་གཤེགས་པ་དེ་དེ་ལྟ་ལགས་ཏེ། བདག་ཅག་ཀྱང་ཤར་ད་ཕྱོགས་ཀྱི་སངས་རྒྱས་ཀྱི། ཞིང་གང་འཀའི་ཀླུང་དྲུག་བཅུའི་བྱེ་མ་སྙེད་དུ་མཆེ་སྟེ། སངས་རྒྱས
250a6 བཅོམ་ལྡན་འདས་ལ་བསྙེན་བཀུར་བགྱིས་ན། ཐམས་ཅད་ན་ཡང་བ་ཅོམ་ལྡན་འདས་ཉིད་ཆོས་བསྟོནད་པ་མཛད་དོ།། དེ་བཞིན་དུ་ཕྱོགས་བཅུའི་འཇིག་རྟེན་གི་ཁམས་རྣམས་སུ་མཆིས་ཏེ་ཡང་དེ་བཞིན་དུ་སེཾས
250a7 ཅན་རྣམས་ལ་ཆོས་བསྟོནད་པ་མཛད་དོ།། བཅོམ་ལྡན་འདས་དེ་དག་ཏུ་བདག་ཅག་ཀྱིས་གདུགས་བདུན་དུ་སངས་རྒྱས་ཀྱི་ཞིང་དུ་རྩུབ་བགྱིས་ནཱ། སངས་རྒྱས་གཞན་མ་མཐོང་ནས་སླར་འདིར་ཆོས་ཉན་དུ་མཆིས་སོ།། དེ་ནས་བཅོམ
250a8 ལྡན་འདས་ཀྱིས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་བཀའ་སྩལྡ་པ། འཇམ་དཔལ་ལྟོས་དེ་བཞིན་གཤེགས་པའི་ཡུལ་དང་། ཡེ་ཤེས་ནི་དེ་ལྟར་ཚད་མྱེད། སངས་རྒྱས་ཀྱི་ཡུལ་ནི་དེ་ལྟར་བསམ་གྱིས་མྱི་ཁྱབ་པ། དེ་ལྟར་དེ
250a9 བཞིན་གཤེགས་པ་ནི་དེ་བཞི་གཤེགས་པའི་ཆོས་རྣམས་ཀྱིས་མྱི་མཉམ་པ་དང་མཉམ་ན། འཇམ་དཔལ་དེ་ལ་སྐྱེས་བུ་བླུན་པོ་དེ་དག་འདི་སྐད་དུ་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་དེ་བཞིན་གཤེགས་པའི་ཕྱིར་སྤྱོད་པ་ནི། ཤེས




iiif viewer powered by OpenSeadragon

249b - 250b

Texts on this page

Ng15.11 - 'phags pa rnam par 'thag pa thams cad bsdus pa zhes bya ba theg pa chen po'i mdo