| e-texts navigator |
| Wylie |
249b1 འདིར་ཆོས་ཀྱི་འཁོར་ལོ་བསྐོར་རོ།། ཆོས་ཀྱི་འཁོར་ལོ་བསྐོར་ནས་ཆོས་བསྟོན་ཏོ་སྙམ་མོ།། མྱི་འཕམ་པ་འདི་ལ་ད་ནི་ཐབས་འདིས་འཇིག་རྟེན་གྱི་ཁམས་མཐའ་ཡས་མུ་མྱེད་པ་དག་ཏུ་སྔ་དྲོའི་དུས་ཀྱི་ཚེའང་ཆོས་སྟོནད་ཅིང་དེ་ལྟར་སངས
249b2 རྒྱས་ཀྱི་མཛད་པ་མཛད་དོ། ཉི་མ་གུང་གི་ཚེ་ཡང་དེ་ལྟར་སངས་རྒྱས་ཀྱི་མཛད་པ་མཛད་དོ།། ཕྱི་དྲོའི་དུས་ཀྱི་ཚེ་ཡང་དེ་ལྟར་སངས་རྒྱས་ཀྱི་མཛད་པ་མཛད་དེ། ཆོས་ཐམས་ཅད་དང་། སེམས་ཅན་ཐམས་ཅད་དང་། འཇིག་རྟེན་གྱི
249b3 ཁམས་ཐམས་ཅད་དུ་དེ་བཞིན་གཤེགས་པའི་སྤྱན་ཐོགས་པ་མྱི་མངའ་བར་གཟིགས་པ་དང་། ཤེས་རབ་དང་། ཡེ་ཤེས་ཀྱི་གཟིགས་པ་འཇུག་སྟེ། དེ་ལྟར་སངས་རྒྱས་ཀྱི་ཡུལ་བསམ་གྱིས་མྱི་ཁྱབ་ཅིང་ཚད་མྱེད་ན་དེ་ལ་དེ་དག་འདི་ལྟར
249b4 ཆོས་སྤོང་བ་ལ་གནས་པས། བྱང་ཆུབ་སེམས་དཔས་འདི་ལ་ནི་བསླབ་པར་བྱའོ།། འདི་ལ་ནི་བསླབ་པར་མྱི་བྱའོ་ཞེས་ཟེར་ཏེ། གང་སུ་དག་ཆོས་སྤོང་བར་གནས་པ་དེ་དག་ནི་སངས་རྒྱས་ལ་བསྐུརྡ་པ་འདེབས་པར་གནས་པ
249b5 ཡིན། གང་སངས་རྒྱས་ལ་སྐུར་པ་འདེབས་པར་གནས་པ་དེ་དག་ནི། འདི་ལྟ་སྟེ། ངན་སོང་གི་ག་ཡང་སའི་ས་ལ་གནས་པ་ཡིན་ཏེ། དེ་དག་ནི་ཆོས་ཀྱིས་འཕོངས་པར་འགྱུར་བ་ལ་གནས་པ་ཡིན་ནོ།།
249b6 མྱི་འཕམ་པ་དེ་ལྟ་བས་ན་དེ་བཞིན་གཤེགས་པའི་ཐབས་མཁས་པ་ས་བསྟན་པའི་ཆོས་ལ་བདག་བསྲུང་བར་བྱའོ།། དེ་ནས་འཇམ་དཔལ་གཞོན་ནུར་གྱུརྡ་པ་དང་། བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི
249b7 ཕུང་པོ་ཡང་དག་གྲུབ་དང་། བྱང་ཆུབ་སེམས་དཔའ་མཐོང་བ་དོན་ཡོད་དང་། བྱང་ཆུབ་སེམས་དཔའ་གཅིག་ཏུ་སྤོབས་པ་རྣམ་པར་ངེས་པའི་བློ་གྲོས་དང་། བྱང་ཆུབ་སེམས་དཔའ་ཤིན་ཏུ་རྣམ་པར་ངེས་པའི་སེམས་སྟོནད་པའི
249b8 བློ་གྲོས་དང་། བྱང་ཆུབ་སེམས་དཔའ་ཤེས་རབ་སྤོབས་པ་སྨྲ་དང་། བྱང་ཆུབ་སེམས་དཔའ་འཇིགས་བྲལ་ཡང་དག་གསལ་བྱེད་དང་། བྱང་ཆུབ་སེམས་དཔའ་མཆོག་ཏུ་དཀའ་བའི་རྒྱལ་པོ་དང་། བྱང་ཆུབ་སེམས་དཔའ་ཁེངས
249b9 མྱེད་གནས་དང་། བྱང་ཆུབ་སེམས་དཔའ་སངས་རྒྱས་ཀྱི་ཞིང་མཐའ་ཡས་པའི་ཆོ་ག་སེམས་པ་དང་། བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་དང་། བྱང་ཆུབ་སེམས་དཔའ་སྤོས་ཀྱི་གླང་པོ་ཆེ་དང་། བྱང་ཆུབ