| e-texts navigator |
| Wylie |
249a1 ཆོས་ཐམས་ཅད་རྣལ་འབྱོར་ད་མྱེད་པའི་ཆོས་སོ་ཞེས་སྐྲག་པར་མྱི་བྱའོ།། ཆོས་ཐམས་ཅད་འཕགས་པའི་ཆོས་སོ་ཞེས་སྐྲག་པར་མྱི་བྱའོ།། ཆོས་ཐམས་ཅད་འཕགས་པ་མྱེད་པའི་ཆོས་སོ་ཞེས་སྐྲག་པར
249a2 མྱི་བྱའོ།། ཆོས་ཐམས་ཅད་སེམས་ཅན་གྱི་ཆོས་སོ་ཞེས་སྐྲག་པར་མྱི་བྱའོ།། ཆོས་ཐམས་ཅད་སེམས་ཅན་མྱེད་པའི་ཆོས་སོ་ཞེས་སྐྲག་པར་མྱི་བྱའོ།། ཆོས་ཐམས་ཅད་གཟུང་བའི་ཆོས་སོ་ཞེས་སྐྲག་པར་མྱི་བྱའོ།།
249a3 ཆོས་ཐམས་ཅད་གཟུང་དུ་མྱེད་པའི་ཆོས་སོ་ཞེས་སྐྲག་པར་མྱི་བྱའོ།། ཆོས་ཐམས་ཅད་བདེན་པའི་ཆོས་སོ་ཞེས་སྐྲག་པར་མྱི་བྱའོ།། ཆོས་ཐམས་ཅད་བདེན་པ་མྱེད་པའི་ཆོས་སོ་ཞེས་སྐྲག་པར་མྱི་བྱའོ།། ཆོས་ཐམས་ཅད་ཚུལ
249a4 བཞིན་གྱི་ཆོས་སོ་ཞེས་སྐྲག་པར་མྱི་བྱའོ།། ཆོས་ཐམས་ཅད་ཚུལ་བཞིན་མྱེད་པའི་ཆོས་སོ་ཞེས་སྐྲག་པར་མྱི་བྱའོ།། ཆོས་ཐམས་ཅད་བརྟན་པའི་ཆོས་ཐམས་ཅད་བརྟན་པའི་ཆོས་སོ་ཞེས་སྐྲག་པར་མྱི་བྱའོ།། ཆོས
249a5 ཐམས་ཅད་མྱི་བརྟན་པའི་ཆོས་སོ་ཞེས་སྐྲག་པར་མྱི་བྱའོ།། མྱི་འཕམ། པ་ངས་བྱང་ཆུབ་ཀྱི་སྙིང་པོར་ཆོས་ཉིད་མངོན་པར་རྫོགས་པར་སངས་རྒྱ། ས་ཏེ། ཆོས་ཀྱི་ཡུལ་ཐམས་ཅད་མཁྱེནད་ཀྱང་དམྱིགས་པས་མ
249a6 ཡིན་ནོ།། ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་ཀུན་ཏུ་མཁྱེནད་ཀྱང་མངོན་པར་ཞེནད་པས། འཇིག་རྟེན་ལ་ཆོས་མྱི་བསྟོན་ཏོ།། བྱང་ཆུབ་སེམས་དཔའ་རྣམས་ཆོས་རྣམས་ཀྱི་སྣང་བ་ཐོབ་པར་བྱ་བ་དང་། གཟུངས
249a7 དང་། ཆོས་ཀྱི་ཕྱག་རྒྱ་རྣམས་བསྐྱེད་པའི་ཕྱིར་ངས་དེ་བཞིན་ཉིད་རྣམ་པར་དཀྲུགས་པ་མྱེད། ཆོས་རྣམས་ལ་བསལ་བ་མ་བྱས། གཞག་པ་མ་བྱས་སོ།། མྱི་འཕམ་པ་རས་གླིང་བཞི་པ་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི
249a8 འོག་མྱིན་གི་གནས་མན་ཅད་ཏུ་ཆོས་བསྟན་པའི་ཚེ་སེཾམ་དམས་འདི་སྙམ་དུ། དེ་བཞིན་གཤེགས་པ་ནི་བདག་ཁོ་ན་ལ་ཆོས་བསྟོནད་ཏོ་སྙམ་མོ།། དེ་བཞིན་དུ་སྦྱར་ཏེ། གླིང་བཞི་པ་གཉིས་དང་། དེ་བཞིན་དུ་སྟོང་གསུམ་མོ།།
249a9 སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་སུ་བསྟན་པའི་ཚེ། སེམས་ཅན་རྣམས་འདི་སྙམ་དུ། དེ་བཞིན་གཤེགས་པ་ནི་བདག་ཅག་ཁོ་ན་ལ་ཆོས་སྟོན་ཏོ།། འདི་ནི་དེ་བཞིན་གཤེགས་པ་ཆོས་སྟོན་ཏོ། འདིར་དེ་བཞིན་གཤེགས་པ་སྐྱེསོ།།