e-texts navigator
Collection
Volume
Page
Wylie

248b1 ཆོས་ཐམས་ཅད་སོ་སོའི་སྐྱེ་བོའི་ཆོས་སོ།། ཞེས་སྐྲག་པར་མྱི་བྱའོ།། ཆོས་ཐམས་ཅད་སོ་སོའི་སྐྱེ་བོའི་ཆོས་མ་ཡིན་ནོ་ཞེས་སྐྲག་པར་མྱི་བྱའོ།། ཆོས་ཐམས་ཅད་ཀུན་ནས་ཉོན་མོངས་པའི་ཆོས་སོ་ཞེས་སྐྲག་པར་གྱི
248b2 བྱའོ།། ཆོས་ཐམས་ཅད་ཀུན་ནས་ཉོན་མོངས་པ་མྱེད་པའི་ཆོས་ཤེས་སྐྲག་པར་མྱི་བྱའོ།། ཆོས་ཐམས་ཅད་རྣམ་པར་བྱང་བའི་ཆོས་སོ་ཞེས་སྐྲག་པར་མྱི་བྱའོ།། ཆོས་ཐམས་ཅད་རྣམ་པར་བྱང་བ་མྱེད་པའི་ཆོས་སོ།
248b3 ཞེས་སྐྲག་པར་མྱི་བྱའོ།། ཆོས་ཐམས་ཅད་ཉེ་བར་ལེན་པའི་ཆོས་སོ་ཞེས་སྐྲག་པར་མྱི་བྱའོ།། ཆོས་ཐམས་ཅད་ཉེ་བར་ལེནད་པ་མྱེད་པའི་ཆོས་སོ་ཞེས་སྐྲག་པར་མྱི་བྱའོ།། ཆོས་ཐམས་ཅད་བྱ་བ་དང་བཅས་པའི
248b4 ཆོས་སོ་ཞེས་སྐྲག་པར་མྱི་བྱའོ།། ཆོས་ཐམས་ཅད་བྱ་བ་མྱེད་པའི་ཆོས་སོ་ཞེས་སྐྲག་པར་མྱི་བྱའོ།། ཆོས་ཐམས་ཅད་གསར་པའི་ཆོས་སོ་ཞེས་སྐྲག་པར་མྱི་བྱའོ།། ཆོས་ཐམས་ཅད་གསར་པ་མ་ཡིན
248b5 པའི་ཆོས་སོ་ཞེས་སྐྲག་པར་མྱི་བྱའོ།། ཆོས་ཐམས་ཅད་སྲིད་པ། འི་ཆོས་སོ་ཞེས་སྐྲག་པར་མྱི་བྱའོ།། ཆོས་ཐམས་ཅད་སྲིད་པ་མྱེད།། པའི་ཆོས་སོ་ཞེས་སྐྲག་པར་མྱི་བྱའོ།། ཆོས་ཐམས་ཅད་སེམས་ཀྱི
248b6 ཆོས་སོ་ཞེས་སྐྲག་པར་མྱི་བྱའོ།། ཆོས་ཐམས་ཅད་སེམས་མྱེད་པའི་ཆོས་སོ་ཞེས་སྐྲག་པར་མྱི་བྱའོ།། ཆོས་ཐམས་ཅད་སེམས་པའི་ཆོས་སོ་ཞེས་སྐྲག་པར་མྱི་བྱའོ།། ཆོས་ཐམས་ཅད་སེས་པ་མྱེད་པའི
248b7 ཆོས་སོ་ཞེས་སྐྲག་པར་མྱི་བྱའོ།། ཆོས་ཐམས་ཅད་ལས་ཀྱི་ཆོས་སོ་ཞེས་སྐྲག་པར་མྱི་བྱའོ།། ཆོས་ཐམས་ཅད་ལས་མྱེད་པའི་ཆོས་སོ་ཞེས་སྐྲག་པར་མྱི་བྱའོ།། ཆོས་ཐམས་ཅད་རྣམ་པར་སྨིན་པའི་ཆོས་སོ་ཞེས
248b8 སྐྲག་པར་མྱི་བྱའོ།། ཆོས་ཐམ་ཅད་རྣམ་པར་སྨིན་པ་མྱེད་པའི་ཆོས་སོ་ཞེས་སྐྲག་པར་མྱི་བྱའོ།། ཆོས་ཐམས་ཅད་བཟོད་པའི་ཆོས་སོ་ཞེས་སྐྲག་པར་མྱིའོ།། ཆོས་ཐམས་ཅད་བཟོད་པ་མྱེད་པའི་ཆོས་སོ་ཞེས་སྐྲག་པར
248b9 མྱི་བྱའོ།། ཆོས་ཐམས་ཅད་ཐ་རད་པའི་ཆོས་སོ་ཞེས་སྐྲག་པར་མྱིའི་བྱའོ།། ཆོས་ཐམས་ཅད་ཐ་རད་པ་མྱེད་པའི་ཆོས་སོ་ཞེས་སྐྲག་པར་མྱི་བྱའོ།། ཆོས་ཐམས་ཅད་རྣལ་འབྱོར་ད་ཀྱི་ཆོས་སོ་ཞེས་སྐྲག་པར་མྱི་བྱའོ།།




iiif viewer powered by OpenSeadragon

248a - 249a

Texts on this page

Ng15.11 - 'phags pa rnam par 'thag pa thams cad bsdus pa zhes bya ba theg pa chen po'i mdo