| e-texts navigator |
| Wylie |
248a1 འདི་ནི་ཚུལ་ལོ།། གཞན་ནི་ཚུལ་མ་ཡིན་ནོ། ཆོས་ཀྱི་ཚུལ་འདི་ནི་ཆོས་སྨྲ་བ་ཕལ་ཆེར་གྱིས་ཀྱང་ཤེས་ཟེར་ཏེ། དེ་དག་རྙེད་པ་དང་བཀུར་སྟིའི་ཕྱིར་ཆོས་སྨྲ་བ་དག་ལ་ཀུན་ནས་མནར་སེམས་མང་པོ་འབྱུང
248a2 བ་པོ། མྱི་འཕམ་པ་འཚོ་བ་ཅན་གི་མྱི་དེ་དག་ནི་བསྐལ་པ་བརྒྱས་ཀྱང་མཐུན་པའི་བཟོད་པ་ཐོབ་པར་ང་མྱི་སྨྲ་ན། བྱང་ཆུབ་ལྟ་སྨོས་ཀྱང་ཅི་དགོས་ཏེ། མྱི་འཕམ་པ་གཡོའ་དང་ལྡན་པ་ལ་བྱང་ཆུབ་མྱེད་དོ།། ཕྲག་དོག
248a3 ཅན་ལ་མྱེད་དོ།། རིམ་གྲོ་མྱེད་པ་ལ་མྱེད་དོ།། ཡང་དག་པའི་ཤེས་པ་མྱེད་པ་ལ་མྱེད་དོ།། ཁྱིམ་སུན་པར་བྱེད་པ་ལ་མྱེད་དོ།། གཉིས་སུ་དཔྱོད་པ་ལ་མྱེད་དོ།། ཀྱི་ལ་བཀྱི་བྱུང་པ་དེ་དག་། དིང་བས་ཀྱང་ཆོས་ལའས་པ་མས་མེན་ཏན་མོས་བྱ་ཤེངསས་རྒྱ་ཀྱི་ཆོགང་ན
248a4 རོདེ།། དེ་བཞིན་གཤེགས་པས་གསུངས་པ་མ་ཡིན་ནོ་ཞེས་ཟེར་རོ།། དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་དེ་ལ་བཀའ་སྩལ་ད་པ། རབ་འབྱོར་དེ་གཉིས་སུ་མྱེད་པར་སྤྱོད་པ་ལ། ཤེས་རབ
248a5 ཀྱི་ཕ་རོལ་ཏུ་ཕྱིནད་པ་ཡོད་མོད། གསོལ་པ། བཅོམ་ལྡནའདས་དེ་ལྟ་ལགས་སོ།། བཀའ་སྩལ་པ། རབ་འབྱོར་དམྱིག། ནས་པ་ལ་བྱང་ཆུབ་ཡོད་མོད། གསོལྡ་པ། བཅོམ་ལྡན
248a6 འདས་དེ་ལྟ་ལགས་སོ།། བཀའ་སྩལ་པ། རབ་འབྱོརང་སྤྲོས་པ་མྱེད་པ་ལ་བྱང་ཆུབ་ཡོད་མོད། གསོལ་པ། བཅོམ་ལྡན་འདས་དེ་ལྷ་ལགས་སོ།། བཀའ་སྩལ་པ། རབ་འབྱོར་དེ་ཉེ་དུ་ལ་གདུ་བའི
248a7 ཕྱིར། དོ་བྱེད་པ་དེ་དག་གིས་འདི་ལྟ་སྟེ། དབུལ་པོར་འགྱུར་བའོ་ལས་ཀྱི་རྣམ་པར་སྦྱིནད་པ་ཅི་ཙམ་ཡོངས་སུ་བཟུང་བར་སེམས་པ་ལ་ལྟོས། མྱི་འཕམ་པ་གཞན་ཡང་བྱང་ཆུབ་སེམས་དཔས་ཆོས་ཐམས་ཅད་ཉན་ཐོས་ཀྱི
248a8 རློམ་མོ་ཞེས་སྐྲག་པར་མྱི་བྱའོ་ཞེས། ཆོས་སེམས་ཅད་རང་སངས་རྒྱས་ཀྱི་ཆོམ་མོ་ཞེས་སྒྲོག་པར་གྱི་བྱའོ།། ཆོས་ཐམས་ཅད་སངས་རྒྱས་ཀྱི་ཆོས་པོ་ཞེས་སྐྲག་པར་མྱི་བྱ་མངོན་པར་ཞེན་གྱི་བྱའོ།། ཆོས་ཐམས་ཅད་ཉན་མས་རྒྱས་སོ།
248a9 མ་ཡིན་ནོ།། ཞེས་སྐྲག་པར་གྱི་བྱའོ།། ཆོས་ཐམས་པད་རང་སངས་རྒྱས་ཀྱི་ཆོས་མ་ཡིན་ནོ་ཞེས་སྐྲག་པར་མྱི་བྱའོ།། ཆོས་ཐམས་ཅད་སངས་རྒྱས་ཀྱི་ཆོས་མ་ཡིན་ནོ་ཞེས་སྐྲག་པར་གྱི་བྱ། མངོན་པར་ཞེན་དཔར་གྱི་བྱའོ།།