| e-texts navigator |
| Wylie |
247a1 ངས་མངོན་པར་རྫོགས་པར་སངས་རྒྱས་ནས། སངས་རྒྱས་ཀྱི་ཡེ་ཤེས་ཀྱིས་ཆོས་གང་བསྟན་པ་དེ་ལ་དེ་དག་འདི་སྐད་དུ།། དེ་ནི་ལུང་གནོད་པར་བྱ་བ་མ་ཡིན་ནོ་ཞེས་ཟེར་ཏེ། སེམས་ཅན་དེ་དག་འབྱུང་བ།
247a2 མ་ཡིན་པའི་ཉེས་པ་ཆེན་པོ་ཅི་ཙམ་དང་ལྡན་པ་ལ་ལྟོས། མྱི་འཕམ་པ་དགེ་སློང་ཆོས་དེས། རྣམ་པར་འཐག་པའི་མདོ་སྟོང་བསྟནད་ཏེ། བསམ་གཏན་བཞི་བསྐྱེད་ཀྱང་དེ་ལྟ་བུའི་གནས་སུ་གྱུར་ད་ན། གང་ཕྱོགས་ཙམ
247a3 འམ། ཆ་ཙམ་ལ་རེག་པ། རྣམ་པར་འཐག་པ་འཛིནད་པའི་དགེ་སློང་རྣམས་ལ་མངོན་པར་མྱི་དགའ་ཞིང་རྣམ་པར་འཐག་པ་ལ་སྐྱོན་འདོགས་པ་ལྟ་ཅི་སྨོས་ཏེ། དེ་དག་ནི་ཆོས་སྨྲ་བའི་དགེ་སློང་ལ་སྐུརྡ་པ་འདེབས་པ
247a4 ཡིན། སངས་རྒྱས་ཀྱི་ཆོས་སྤོང་བ་ཡིན། རློམ་སེམས་ཆེན་པོས་བསྐུར་པ་འདེབས་པ་ཡིན་ཏེ། སེམས་ཅན་དམྱལ་བར་སྐྱེ། བ་དེ་དག་ནི་ལེགས་པར་བྱས་པ་ཞེས་ང་མྱི་སྨྲའོ།། དེ་ཅིའི་ཕྱིར་ཞེ
247a5 ན། གང་དག་ཆོས་སྨྲ་བ་ལ་རྣམ་པར་སྨོད་པ་དེ་དག་ནི་སངས་རྒྱས་ལ་རྣམ་པར་སྨོད་པ་ཡིན། ཆོས་ལ་རྣམ་པར་སྨོད་པ་ཡིན། ནོ། གང་དག་ཆོས་སྨྲ་བ་ལ་རིམ་གྲོ་མྱེད་པ་དེ་དག་ནི་སངས་རྒྱས
247a6 ལ་རིམ་གྲོ་མྱེད་པ་ཡིན་ནོ།། གང་དག་ཆོས་སྨྲ་བ་ལ་མྱི་སྙན་པར་བརྗོད་པ་དེ་དག་ནི་སངས་རྒྱས་མཐོང་བར་མྱི་འདོད་པ་ཡིན། སངས་རྒྱས་ལ་མྱི་སྙན་པ་བརྗོད་པ་ཡིན་ནོ།། གང་དག་སེམས་དང་པོ་སྐྱེད་པའི་བྱང་ཆུབ
247a7 སེམས་དཔའ་ལ་ཁོར་འཁྲོ་བའི་སེམས་བསྐྱེད་པ་དེ་དག་གིས་ནི་སངས་རྒྱས་ཡོངས་སུ་བཏང་བ་ཡིན་ཏེ། ཇི་སྙེད་དུ་ཁོང་འཁྲོ་བའི་སེམས་བསྐྱེད་པར་བྱེད་པ་དེ་སྙེད་ཀྱི་བསྐུལ་པར་སེམས་ཅན་དམྱལ་བར་གནས་པར་གོ།
247a8 ཆ་བགོ་དགོས་སོ།། ཅི་ཙམ་དུ་ཁོང་འཁྲོ་བའི་མྱིག་གིས་བལྟ་བ་དེ་སྲིད་དུ་ལོང་བའི་སྐྱེ་མཆེད་ཐོབ་པར་འགྱུར་རོ།། ནིཙམ་དུ་མྱི་སྙན་པར་བརྗོད་པ་དེ་སྲིད་དུ་ལྕེའི་སྐྱེ་མཆེད་ཐོབ་པར་འགྱུར་རོ།། མྱི་འཕམ་པ་ཇི་ལྟར་བྱང་ཆུབ
247a9 སེམས་དཔའ་རྣམས་ལ་གནོད་སེམས་སྐྱེད་པས། བྱང་ཆུབ་སེམས་དཔའ་ངན་སོང་དུ་འགྲོ་བར་ལྟུང་བར་འགྱུར་བའི་ཆོས་དེ་ལྟ་བུ་གཞན་ནི་ངས་མ་མཐོང་ངོ་། མྱི་འཕམ་པ་སེམས་ཅན་གི་འདུ་ཤེས་དང་། ཆོས་ཀྱི་འདུ