| e-texts navigator |
| Wylie |
246b1 པ་མྱི་འཁྲུགས་པས་ཞུགས་དམ་པཞེས་པ། གལ་ཏེ་བདག་གིས་སེམས་དང་པོ་བསྐྱེད་པའི་བྱང་ཆུབ་སེམས་དཔའ་མཐོང་སྟེ། སངས་རྒྱས་ཀྱི་འདུ་ཤེས་མ་སྐྱེད་ན། ངས་འཇིག་རྟེན་གི་ཁམས་དཔག་ཏུ་མྱེད་པ་རྣམས
246b2 ནཱ། གང་དག་བཞུགས་པའི་སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་ལ་བསླུས་པར་གྱུར་ད་ཅིག་ཅེས་བྱ་བ་ཡིན་ནོ།། རིགས་ཀྱི་བུ་དག་ཕྱི་མའི་ཚེ་ཕྱི་མའི་དུས་ལྔ་བརྒྱ་པ་ཐ་མ་ལ་གང་སུ་དག་གཟུངས་ཐོབ་པ་འམ།
246b3 ཏིང་ངེ་འཛིན་འཐོབ་པར་འགྱུར་བ་དེ་དག་ཐམས་ཅད་ནི་དེ་བཞིན་གཤེགས་པའི་མཐུས་ཐོབ་པར་འགྱུར་ཏེ། རིགས་ཀྱི་བུ་དག་དེ་ལྟ་བས་ན་འདི་སུ་ཆོས་སྨྲ་བ་ལ་མྱི་སྙན་པར་བརྗོད་པ་དེས་ནི་དེ་བཞིན་གཤེགས་པ
246b4 སྤངས་པར་འགྱུར་རོ།། རིགས་ཀྱི་བུ་དག་གང་སུ་ཞིག་སེམས་ཅན་དག་ཇི་ལྟར་མོས་པའི་མོས་པ་བཞིན་དུ་དེ་བཞིན་གཤེགས་པའི་ཆོས་སྟོནད་པ་དེ་ཐམས་ཅད་ནི་དེ་བཞིན་གཤེགས་པའི་མཐུ་ཡིན་ནོ།།
246b5 འཁོར་གང་དུ་བྱང་ཆུབ་སེམས་དཔའི་ཐེག་པ་དག་ལན་འགའ་ཞིག། སྤུ་ཟིང་ཞེས་བྱེད་དམ། མཆི་མ་ལན་འགའ་ཞིག་ཀློག་པ་དེ།། ཐམས་ཅད་ཀྱང་དེ་བཞིན་གཤེགས་པའི་མཐུར་ཤེས་པར་བྱ་བ
246b6 ཡིན་ན། དེ་ལ་མྱི་བླུན་པོ། བྱང་ཆུབ་སེམས་དཔའ་མ་ཡིན་པར་བྱང་ཆུབ་སེམས་དཔར་ཁས་འཆེ་བ། བྱང་ཆུབ་སེམས་དཔའ་སུན་འབྱིན་པར་གྱུར་པ། ཆོས་རྐུ་བ། འཚུལ་འཆོས་པ། ཆོ་ག་ངན་པ་ལ་སྤྱད
246b7 པ་དེ་དག་ཁ་ཅིག་འདི་སྐད་དུ་འདི་ལྟ་ཞིག་ཅི་ཤེས་ཤེས་ཟེར་རོ།། བྱམས་པ་ངས་བྱང་ཆུབ་ཀྱི་ཕྱིར་སྤྱོད་པ་ན་བདག་ཉིད་ཀྱིས་གང་ཚིགས་སུ་བཅད་པ་ཉོས་པ་ནི་རང་གི་ལུས་ཡོངས་སུ་བཏང་བ་དང་། ཆུང་མ་ཡོངས་སུ་བཏང་བ་དང་།
246b8 བུ་དང་བུ་མོ་ཡོངས་སུ་བཏང་དང་། རྒྱལ་སྲིད་ཡོངས་སུ་བཏང་བས་ཉོས་ཤིང་བྱམས་པ་ལེགས་པར་བཤད་པའི་ཚོགས་སུ་བཅད་པ་གཅིག་གིས་ཕྱིར་འཛམ་བུའི་གླིང་བྱིན་ཏེ། ཉོས་པར་ངས་མངོན་པར་ཏཱན་ན། དེ་དག
246b9 ནི་རྙེད་པ་དང་བཀུར་སྟི་སྲུང་ཞིང་སངས་རྒྱས་དང་འདྲ་བའི་གན་དུ་འགྲོ་བར་མྱི་སེམས་སོ།། ཕྱི་འཕམ་པ་དམ་པའི་ཆོས་ཀྱི་ཚུལ་འདི་བཟུང་བ་ཡང་འབྱོར་པ་དང་ལྡན་པ་ནུས་ཀི། མྱི་ལྡན་པས་མ་ཡིན་ནི།། མྱི་འཕམ