e-texts navigator
Collection
Volume
Page
Wylie

246a1 སྨྲས་པ་ལྟར་སུ་ཡང་ཆོས་སྟོན་པར་མ་གྱུར་ད་ཅིག་ཅེས་འཛེ་རང་ཏོ། དེའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཁོར་དེར་འདུས་པ་དག་ཀྱང་སྟན་ལས་ལངས་ཏེ་ས་ལ་འཁོད་དོ།། ས་ལ་འཁོར
246a2 ནས་ཀྱང་དུས་སོ།། དེ་ནས་བཅོམ་ལྡན་འདས་ཀྱིས་མཁྱེན་བཞིན་དུ་བྱང་ཆུབ་སེམས་དཔའ་དེ་དག་ལ་འདི་སྐད་ཅེས་སྨྲས་སོ།། རིགས་ཀྱི་བུ་དག་ཁྱེད་ཀྱིཆོ་སི་ལ་འཁོད་ཅིང་དུ། དེ་དག་གིས་གསོལང་པ། བཅོམ་ལྡན
246a3 འདས་བདག་ཅག་ནི་ལས་ཀྱི་སྒྲིབ་པ་དེ་དང་ལྡན་པར་བདག་ཅག་ཉིད་ཀྱིས་མཐོང་ལགས་སོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་དག་དེ་དེ་བཞིན་ཏེ། དེ་བཞིན་གཤེགས་པ་མར་མེ་མཛད་ཡོངས་སུ
246a4 མྱ་ངན་ལས་འདས་ནས། དེའི་གསུང་རབ་ལ་ཤེས་རབ་བརྩེགས་ཤེས་བྱ་བ་ཆོས་སྤྲས་པ་ཞིག་བྱུང་བ་ལ། བྱེད་ཀྱིས་སྨད་དེ། དེ་ཕྱིན་ཅད་ཁྱེད་ཀྱིས་ནམ་ཡང་སངས་རྒྱས་མ་མཐོང་ངོ་།། ནམ་ཡང་བྱང
246a5 ཆུབ་ཀྱི་སེམས་མ་རྙེད་དོ།། གཟུངས་དང་ཏིང་ངེ་འཛིན་མ་རྙེད། དོ།། རིགས་ཀྱི་བུ་དག་ཁྱེད་པའི་བྱང་ཆུབ་ལ་ཡང་དག་པར་ཞུགས་ཀྱང་བསྐལ་པ་བཟང་པོ་འདི་ལ་དེ་བཞིན་གཤེགས་པ་གང
246a6 དག་འབྱུང་བའི་ཐ་མའི་ཚེ་ཁྱེད་མྱི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་འགྱུར་རོ།། དེང་ཕྱིན་ཅད་བསྐལ་པ་གྲངས་མྱེད་པ་གསུམ་གིས། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས
246a7 པར་འཚང་རྒྱ་བར་འགྱུར་རོ།། རིགས་ཀྱི་བུ་དག་དེ་བས་ན་བྱང་ཆུབ་སེམས་དཔའ་དག་གིས། བྱང་ཆུབ་སེམས་དཔའ་མཐོང་ན་སེམས་ཀྱིས་གཞན་བསམ་པར་མྱི་བྱ་སྟེ། བདག་ཅག་གིས་མཆོད་རྟེན་ནམ། དེ་བཞིན
246a8 གཤེགས་པ་མཐོང་ངོ་།། བདག་ཅག་གིས་མདུན་ན་སངས་རྒྱས་བཞུགས་སོ་སྙམ་ཅུ་བསམས་སོ།། རིགས་ཀྱི་བུ་དག་གལ་ཏེ་བྱང་ཆུབ་སེམས་དཔས་བྱང་ཆུབ་སེམས་དཔའ་མཐོང་ན་མཆོད་རྟེན་གྱི་འདུ་ཤེས་སམ།
246a9 བཞིན་གཤེགས་པའི་འདུ་ཤེས་བསྐྱེད་པ་མ་གཏོགས་པར་འདུ་ཤེས་གཞན་པ་སྐྱེད་པར་མྱི་བྱའོ།། གཞན་ཏུ་གྱུར་ན་བྱང་ཆུབ་སེམས་དཔས་བདག་ཉིད་ལ་རྨ་བྱུང་བར་འགྱུར་རོ།། དེ་ལ་དགོངས་ཏེ་དེ་བཞིན་གཤེགས




iiif viewer powered by OpenSeadragon

245b - 246b

Texts on this page

Ng15.11 - 'phags pa rnam par 'thag pa thams cad bsdus pa zhes bya ba theg pa chen po'i mdo