| e-texts navigator |
| Wylie |
245b1 བྱང་ཆུབ་ཀྱི་སེམས་བརྗེད་དོ།། བསྐལ་པ་དྲུག་བཅུ་པོ་དེ་དག་འདས་ནས། དེ་བཞིན་གཤེགས་པ་ཀུན་ནས་སྤོས་རིན་པོ་ཆེའི་འོད་ཀྱི་གསུང་རབ་ལ་དེ་བཞིན་གཤེགས་པ་དེས་བྱང་ཆུབ་ཏུ་སེམས་བསྐྱེད་དུ་བཅུག་ནས་དེས་བྱ
245b2 ཆུབ་ཏུ་སེམས་བསྐྱེད་དོ།། ཚེ་རབས་དགུ་ཁྲིར་དུད་འགྲོའི་སྐྱེ་གནས་སུ་སྐྱེས་སོ།། ཚེ་རབས་དྲུག་ཁྲིར་མྱི་དབུལ་པོ་རྣམས་ཀྱི་ནང་དུ་སྐྱེས་ཏེ། ཐམས་ཅད་དུ་ཡང་ལྕེ་མྱེད་པར་གྱུརྡ་ཏོ།། དེས་སངས་རྒྱས་ཁྲག་ཁྲིག་ཕྲན
245b3 ལྔའི་གན་ན་ཆོས་སྨྲ་བར་གྱུར་ཏེ། ཐམས་ཅད་དུ་ཡང་མངོན་པར་ཤེས་པ་ལྔ་དང་ལྡན་པར་གྱུར་ཏོ།། སངས་རྒྱས་བཅོམ་ལྡན་འདས་དེ་དག་གིས་བོད་པར་འོས་པར་གྱུར་ཏོ།། ཆོས་ཐམས་ཅད་ལ་ཡོངས་སུ་དག་པར
245b4 ཆོས་སྟོནད་པར་གྱུར་ཏོ།། མྱི་འཕམ་པ་དེའི་ཚེ་དེའི་ནུས་ན། དགེ་སློང་འཚོ་བ་ཡོངས་སུ་དག་པ་ཞེས་བྱ་བར་གྱུར་པ་དེ་གཞན་ཞིག་ཡིན་པ་སྙམ་དུ་ཁྱོད་སེམས་ན། ཁྱོད་ཀྱིས་དེ་ལྟར་མྱི་བལྟ
245b5 སྟེ། དེ་བཞིན་གཤེགས་པ་འོད་དཔག་མྱེད་ཅེས་བྱ་བ་དེའི་ཚེ་དེའི་དུས་ན། དགེ་སློང་ཆོས་སྨྲ་བ་འཚོ་བ་ཡོངས་སུ་དག་པ་ཞེས་བྱ་བར་གྱུརྡ་ཏོ།། མྱི་འཕམ་པ་དེའི་ཚེ་དེའི་དུས་ན། དགེ་སློང
245b6 ཆོས་ཤེས་བྱ་བ་དེ་གཞན་ཞིག་ཡིན་པ་སྙམ་དུ་ཁྱོད་སེམས་ན་ཁྱོད་ཀྱིས་དེ་ལྟར་མྱི་བལྟ་སྟེ། ང་དེའི་ཚེ་དེའི་དུས་ན། དགེ་སློང་ཆོས་ཤེས་བྱ་བར་གྱུར་ད་ཏེ་ང་ཉིད་ལས་དེ་ལྟ་བུའི་མྱི་ཚུལ་བ་བྱུང་ངོ་།། མྱི་འཕམ་པ་ཆོས
245b7 ཀྱིས་འཕོངས་པར་འགྱུར་བའི་ལས་ཀྱི་སྒྲིབ་པ་ནི་དེ་ལྟར་ཤེས་པར་དཀའ་སྟེ། ལས་དེའི་རྣམ་པར་སྨིནད་པས་བསྙིགས་མ་ལྔའི་དུས་ན། བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་སོ།། མྱི་འཕམ་པ་བྱང་ཆུབ་སེཾས
245b8 དཔའ་གང་དག་གཉིས་སུ་འབྱེད་ཅིང་ཆོས་སྟོན་པ་དེ་དག་ནི་ལས་དེའི་རྣམ་པར་སྨིན་པ་རྒྱས་ཀྱི་སྙོགས་པའི་ཚེ་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ཏེ། དེ་དག་གི་སངས་རྒྱས་ཀྱི་ཞིང་དེར་བྱང་ཆུབ་པར
245b9 བ་དང་། ཆོས་བསྟནད་པ་ལ་བདུད་དང་བར་ཆད་མང་པོ་འབྱུང་བར་འགྱུར་རོ།། དེ་ནས་ཐམས་ཅད་དང་ལྡན་པའི་འཁོར་དེ་མཆིས་བླགས་ཏེ། དུས་ནས་ཚིག་འདི་སྐད་ཅེས། དེང་ཕན་ཆད་དགེ་སློང་ཆེས་ཀྱིས་ཇི་སྐད