e-texts navigator
Collection
Volume
Page
Wylie

245a1 སུ་དག་པ་རེ། དགེ་སློང་ཞི་དང་ལྷན་ཅིག་ཏུ་བྱང་ཆུབ་ཀྱི་སྙིང་པོ་ག་ལ་བ་དེར་རྒྱུ་ཞིང་སོང་ངོ་།། མྱི་འབམ་པ་དགེ་སློང་མཚོ་བའི་ཡོངས་སུ་དག་པ་སོང་ནས་རིང་པོ་མ་ལོན་པར་གྲོང་ཁྱེར་ཆེན་པོ་བཟང་པོ་དེ་དགེ་སློང
245a2 ཆོས་ཤེས་བྱ་བ་ཕྱི་ནད་ཏེ། དེས་རྣམ་པར་འཐག་པའི་མདོ་སྟོང་བཟུང་ངོ་།། བསམ་གཏན་བཞི་ཡང་ཐོབ་པར་གྱུར་ཏོ།། དགེ་སློང་འཚོ་བ་ཡོངས་སུ་དག་པས་ནི་མདོ་སྡེ་བྱེ་བ་ཕྲག་བརྒྱ་དང་རྣམ་པར་འཐག་པའི་མདོ་དྲུག་ཁྲི་བཟུང
245a3 བར་གྱུར་ཏོ།། དེ་ནས་དགེ་སློང་ཆེས་དེས་གྲོང་ཁྱེར་ཆེན་པོ་བཟང་པོ་དེ་ཚུལ་གཅིག་གི་ཆོས་བསྐྲུནད་པས། སྐྱེ་བོ་རབ་ཏུ་དགའ་བར་བྱས་ཀྱང་། དེའི་མོས་པ་ཇི་ལྟ་བ་བཞིན་དུ་ཆོས་བསྟནད་པ་ལ་མཁས་པ་མ་ཡིན་ཏེ།
245a4 དེ་སྐྱེ་བོ་དེ་དག་ལ་ཆོས་ཐམས་ཅད་ནི་སྟོང་པའོ་ཞེས་སྟོང་པ་ཉིད་ཀྱིས་འདེམས་ཤིང་སྟོང་པ་ཉིད་ཀྱིས་རྗེས་སུ་སྟོནད་ཏོ།། གང་ངས་ཆོས་ཐས་ས་ཅད་སྟོང་པའོ་ཞེས་བསྟན་པ་འདི་ནི་དེ་བཞིན་གཤེགས་པའི་བ།
245a5 ཁོ་ན་ཡིན་ནོ།། གང་འཚོ་བའི་ཡོངས་སུ་དག་པ་དེས་བཤད་པ་དེ་ནི། སྐྱོན་ཆགས་པ་དེ་སྟེ། དགེ་སློང་འཚེ་བ་ཡོངས་སུ་དག་པ་མ་ཡིན།། ན། ཅིའི་ཕྱིར་དགེ་སློང་དེའི་མྱིང་འཚོ་བ་ཡོངས་སུ་དག་པ་ཞེས
245a6 བྱ་བ་དེ་ནི་འཚོ་བ་ཡོངས་སུ་དག་པ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། མེ་ཏོག་ཡོངས་སུ་ལེནད་ཅིང་བླངས་ནས་ཡོངས་སུ་པྱོད་དོ།། སྤོས་དང་། བྱུག་པ་ཡོངསུ་ལེནད་ཅིང་བླངས་ནས་ཡོངས་སུ་སྤྱོད་དོ།། དེ་ནི་ཤེས
245a7 པ་མ་ཡིན་ཏེ་བྱིས་པའོ།། ང་ནི་ཚངས་པར་སྤྱད་ནས་ཡུན་རིང་བ་ཡིན་གི་དེ་ནི་གསར་བུ་སྟེ། བསྙེན་པ་རྫོགས་ནས་རིང་པོ་མ་ལོན་པ་ཡིན་གྱིས།། དེའི་ལྟར་ཡིད་ཆེས་པར་མ་བྱེད་ཅིག་ཅེས་ཟེར་རོ།། དགེ་སློང་དེ་ནི་བག་ཡོད
245a8 པ་ཡིན་ཏེ། དགེ་སློང་འཚོ་བ་ཡོང་སུ་དག་པ་དེ་ལ་སྐྱེ་བོ་དེ་དག་རབ་ཏུ་དད་པས་དེ་ལྟར་དེས་སྐྱེ་བོ་དེ་དག་ལ་དབྱེན་བྱས་ནས། དབྱེ་བར་མ་ནུས་སོ།། དེ་ནས་དགེ་སློང་ཆོས་དེ་འཆི་བའི་དུས་བྱས་པར་གྱུར་ད་ཏེ། འཆི་བའི་དུས
245a9 བྱས་ནས་འདི་ལྟར་དེ་བཞིན་གཤེགས་པ་ལ་སྐུར་པ་བཏབ་པ་དང་། འདི་ལྟར་ཆོས་སྤངས་པས་བསྐལ་པ་བདུན་ཅུར་སེམས་ཅན་དམྱལ་བར་སྐྱེས་སོ།། དེ་བསྐལ་པ་བདུན་ཅུ་པོ་དེ་དག་འདས་ནས་བསྐལ་པ་དྲུག་ཅུར




iiif viewer powered by OpenSeadragon

244b - 245b

Texts on this page

Ng15.11 - 'phags pa rnam par 'thag pa thams cad bsdus pa zhes bya ba theg pa chen po'i mdo