| e-texts navigator |
| Wylie |
244b1 མལུང་བསྟན་པ་ཐོབ་པར་འགྱུར་ཏེ། དཔེར་ན་དལྟར་ང་ཡུན་རིང་པོར་འགྱངས་པས།། དུས་ཀྱི་སྙིགས་མའི་ཚེ་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པ་ལྟ་བུའོ།། གང་དྲག་རེ་དག་གི་ལྟར་ཉན་པ་འམ་གླེད་པ་འམ།
244b2 ཡིད་ཆེས་པར་སེམས་པ་དེ་དག་ཀྱང་འདི་ལྟ་སྟེ། སྡིག་པའི་གྲོགས་པོ་ལ་མོས་པས། འགྲོ་བ་དེ་ལྟ་བུ་ཉིད་དུ་འགྲོ་བར་འགྱུར་རོ།། མྱི་འཕམ་པ་སྔོན་འབྱུང་བ་འདས་པའི་དུས་བསྐལ་པ་གྲངས་མྱེད་པའི་ཡཱཿ་གྲངས
244b3 མྱེད་པ་དེའི་ཚེ་དེའི་དུས་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དྲི་མ་མྱེད་པའི་འོད་འཕྲོ་ལས་བྱུང་བའི་གྲགས་པ་ཞེས་བྱ་བ་འཇིག་རྟེན་ཏུ་བྱུང་སྟེ། དེས་ལོ་ཁྲག་ཁྲིག་ཕྲག་བརྒྱད
244b4 བུར་སེམས་ཅན་རྣམས་ལ་ཆོས་བསྟན་ཏོ།། དེའི་གསུང་རབ་ལ་དགེ་སློང་འཚོ་བ་ཡོངས་སུ་དག་པ་ཞེས་བྱ་བ་ཆོས་སྨྲ་བ་གཏམ་སྣ་ཚོགས་སྨྲ་བ། སྐྱེ་བོ་མང་པོ་ལ་ཡང་དག་པར་སྟོནད་པ། སྐྱེ་བོ་མང་པོ་ལ་ཡང་དག
244b5 པར་འཛིནང་དུ་འཇུག་པ། སྐྱེ་བོ་མང་པོ་ལ་ཡང་དག་པར་གཟེང་བ།། སྟོང་པ། སྐྱེ་བོ་མང་པོ་ལ་ཡང་དག་པར་དགའ་བར་བྱེད་པ་བྱུང་ན། ས་དེ་ལ་དེ་བཞིན་གཤེགས་པ་དྲི་མ་མྱེད་པའི་འོད་འཕྲོ་ལས་བྱུང
244b6 བའི་གྲགས་པ་དེས། ཕྱི་མའི་ཚེ་ཕྱི་མའི་དུས་ན། དམ་པའི་ཆོས་བསྡུ་བར་བཅོམད་ཏེ། དེས་དེ་བཞིན་གཤེགས་པ་དེ་ཡོངས་སུ་མྱ་ངན་ལས་འདས་པའི་འོག་ཏུ་ལེ་བྱེ་བར་དམ་པའི་ཆོས་ཀྱི་ཚུལ་བཟུང་སྟེ།
244b7 རྣམ་པར་འཐག་པ་ཐམས་ཅད་བསྡུས་པའི་ཆོས་ཀྱི་རྣམ་གྲངས་འོདི་ལ་ཞུགས་ནས་ཆོས་སྟོན་ཏོ།། མོས་པ་ཇི་ལྟ་བ་དེ་བཞིན་ཏུ་སེམས་ཅན་རྣམས་ལ་ཆོས་བསྟནད་ཏོ།། དེས་གྲོང་ཁྱེར་སྟོང་ཕྲག་བརྒྱ་བཅུར་སྨོན་ལམ་ཇི་ལྟ་བ་བཞིན
244b8 དུ། སེམས་ཅན་རྣམས་རབ་ཏུ་དགའ་བ་བྱས་ནས། དེ་གྲོང་ཁྱེར་ཆེན་པོ་བཟང་པོ་ཞེས་བྱ་བར་སོང་སྟེ། ཁྱིམ་བྱེ་བ་ཕྲག་བརྒྱ་ཅུ་ལ་མོས་པ་ཇི་ལྟ་བ་བཞིན་དུ་ཆོས་བསྟནད་ནས། གྲོང་ཁྱེར་དེ་ནས་སྲོག་ཆགས་བྱེ་བ་ཕྲག་བརྒྱ
244b9 བཅུ་རབ་ཏུ་དད་པར་བྱས་སོ།། དེའི་ནང་ནས་བྱེ་བ་ཕྲག་གཅིག་ནི་བྱང་ཆུབ་ལ་རབ་ཏུ་བཀོད་དོ། སེམས་ཅན་བྱེ་བ་ཕྲག་བདུན་བཅུ་རྩ་དགུ་ནི་ཉན་ཐོས་ཀྱི་ཐེག་པ་ལ་རབ་ཏུ་བཀོད་དེ་བཏུལ་ཏོ།། དེ་ནས་དགེ་སློང་འཚོ་བ་ཡོངས