e-texts navigator
Collection
Volume
Page
Wylie

244a1 རྣམས་ལ་གསུངས་པའི་མདོ་སྡེ་དེ་དག་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བསླབ་པར་མྱི་བྱའོ།། དེ་དག་མཉན་པར་མྱི་བྱའོ།། དེ་ནི་བདག་ཅག་གི་ཆོས་མ་ཡིན་ཏེ། འདི་ནི་ཉན་ཐོས་དང་ལྡན་པ་ཡིན་གྱིས
244a2 དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བསླབ་པར་མྱི་བྱའོ།། གང་རང་སངས་རྒྱས་རྣམས་ལ་གསུངས་པའི་མདོ་སྡེ་དེ་དག་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བསླབ་པར་མྱི་བྱའོ།། དེ་དག་མཉན་པར་མྱི་བྱའོ།། དེ་ནི་བདག
244a3 ཅག་གི་ཆོས་མ་ཡིན་ཏེ། འདི་ནི་རང་སངས་རྒྱས་དང་ལྡན་པ་ཡིན་གྱིས། དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བསླབ་པར་མྱི་བྱའོ་ཞེས་ཟེར་བ་དག་འབྱུང་བར་འགྱུར་རོ།། མྱི་འཕམ་པ་རས་ནི་ལྷ་རྣམས་ལ་ཆོས་བསྟནད་ཏེ།
244a4 ངས་མོས་པ་ཇི་ལྟ་བ་བཞིན་ཏུ་བཏུ་ལད་ཏོ།། དེ་བཞིན་དུ་ངས་ནི་ཀླུ་རྣམ་ས་དང་། གནོད་སྦྱིན་རྣམས་དང་། ལྷ་མ་ཡིན་རྣམས་དང་། ནམ་མཁའ་ལྲྀང་རྣམས་དང་། མྱི་འམ་མི་རྣམས་དང་། ལྟོ་འཕྱེ་ཆེན་པོ་རྣམས་དང་།
244a5 བཱི་ཟ་རྣམས་དང་། མྱི་རྣམས་ལ་ཆོས་སྟོན་ཏེ་ངས་མོས་པོ་ཇི་ལྟ་བ། བཞིན་དུ་བཏུལ་ཏོ།། མྱི་འཕམ་པ་ང་ནི་སེམས་ཅན་རྣམས་ཀྱི་དོན་བྱ་བ། འི་ཕྱིར་ཕྱོགས་བཅུའི་འཇིག་རྟེན་གི་ཁམས་ས་གང་གའི་ཀླུང་གི་བྱེ་མ་སྙེད
244a6 དུ་འགྲོ་ཞིང་དེར་ཡང་མོས་པ་ཇི་ལྟ་བཞིན་དུ་སེམས་ཅན་རྣམས་ལ་ཆོས་པ་སྟོན་ན། དེ་ལ་བྱང་ཆུབ་སེམས་དཔས་ཁས་འཆེ་བ། བྱང་ཆུབ་སེཾས་དཔའ་དམུ་རྒོད། བྱང་ཆུབ་སེམས་དཔལ་ལ་སྐུར་པ་འདེབས་པ།
244a7 བརྫུན་ཏུ་སྨྲ་བ། ཐོས་པ་ཉུང་བ་དེ་དག་ངའི་བྱང་ཆུབ་གཉིས་ཀྱིས་རབ་ཏུ་ཕྱེ་བ་མ་ཡིན་པ། འདི་ལ་གཉིས་སུ་སྨྲ་སྟེ། འདི་ལ་ནི་བྱང་ཆུབ་སེམས་དཔས་བསླབ་པར་བྱ། འདི་ལ་ནི་བྱང་ཆུབ་སེམས་དཔས་བསླབ་པར་མྱི་བྱའོ་ཞེས་ཟེར་ཏེ།
244a8 སེམས་དེས་དེ་བཞིན་གཤེགས་པ་ལ་སྐུར་པ་འདེབས་སོ།། ཆོས་སྤོང་ངོ་།། དགེ་འདུན་ལ་སྤོད་དོ།། དེ་དག་ལུས་ཞིག་སྟེ་ཤི་ནས། སེམས་ཅན་དམྱལ་བ་རྣམས་སུ་སྐྱེ་བར་འགྱུར་ཏེ། དེ་དག་དེར་བསྐལ་པ་མང་པོ་དང
244a9 བསྐལ་པ་བརྒྱ་ཕྲག་མང་པོ་འདས་ནས་འཐར་པ་འཐོབ་སྟེ། ཡང་དེ་དག་དབུལ་པོའི་རིགས་སུ་སྐྱེ་བར་འགྱུར་རོ།། གང་གི་ཚེ་བརྒྱལ་བརྒྱ་ལམ་ན་བྱང་ཆུབ་ཏུ་ལུང་བསྟནད་པ་འཐོབ་པར་འགྱུར་ན་ཡང་སྙིགས་མ་ལྔའི་དུས




iiif viewer powered by OpenSeadragon

243b - 244b

Texts on this page

Ng15.11 - 'phags pa rnam par 'thag pa thams cad bsdus pa zhes bya ba theg pa chen po'i mdo