| e-texts navigator |
| Wylie |
243b1 མྱི་འཕམ་པ་གང་གི་ནུབ་མོ་དེ་བཞིན་གཤེགས་པ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པ་དང་། གང་གི་ནུབ་མོ་དེ་བཞིན་གཤེགས་པ་མྱེད་པར་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར།
243b2 པ་དེའི་བར་དུ། དེ་བཞིན་གཤེགས་པ་གང་ཇི་གསུངས་པ་དེ་དག་ཐམས་ཅད་ནི་ཡང་དག་པ་དེ་ཁོ་ན་དེ་བཞིན་མ་ནོར་བ་དེ་བཞིན་ཏེ་གཞན་དུ་མ་ཡིན་ན། འདི་ལ་མྱི་བླུན་པོ་ཁ་ཅིག་དེ་བཞིན་གཤེགས་པའི་ཐབས་ལ་མཁས་པ་མྱི
243b3 ཤེས་ཤིང་ཁོང་དུ་ཆུད་པར་ངའི་ལྡེམ་པོ་ངག་ལ་འདི་སྐད་དུ་འདི་ནི་རུང་ངོ་།། འདི་ནི་མྱི་རུང་ངོ་ཞེས་ཟེར་ཏེ། དེ་ལྟ་བུ་དེ་དག་ནི་དམ་པའི་ཆོས་སྤོང་བ་ཡིན། དེ་དག་ནི་དེ་བཞིན་གཤེགས་པ་ལ་སྐུར་པ་འདེབས་པ་ཡིན་ཏེ།
243b4 རྒྱུ་དེས་ན་དེ་དག་ནི་སེམས་ཅན་དམྱལ་བ་པ་ཞེས་པ་འཆད་དོ།། མྱི་འ་དཕམ་པ་མ་འོངས་པའི་དུས་ཕྱི་མའི་ཚེ་ཕྱི་མའི་དུས། ལྔ་བརྒྱ་པ་ཐམལ། དགེ་སློང་དང་དགེ་སློང་དང་། དགེ་བསྙེན་དང་། དགེ་སྙེན་མ་དང་།
243b5 བྱང་ཆུབ་སེམས་དཔར་ཁས་འཆེ་བ། སྔོན་མུ་སྟེག་ཅན་དུ་གྱུར་ད་པ། སྨོན་ལམ་ཀཽ་དབང་གིས་དེ་བཞིན་གཤེགས་པའི་བསྟནད་པ་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་ནས། ཕྱོགས
243b6 གཅིག་ལ་སྤྱོད་པ་གཉེན་ལ་གདུལ་བ། རྙེད་པ་དང་བཀུར་སྟི་ལ་ཆགས་པ་ཁྱིམ་ལ་སེར་སྣ་བྱེད་པ། ཁྱིམ་སུན་པར་བྱེད་པ། མདོག་ངན་པ། དམན་བ་ལ་མོས་པ། བཀའ་བློ་མྱ་བདེ་བ། མ་གྲགས་པ། རིགས
243b7 དཔའ་བ། ཡོ་བྱདས་ཡོངས་སུ་ཆགས་པ། ཆོས་ལ་བདེ་བར་གནས་པའི་ཟས་ཐམས་ཅད་དང་བྲལ་བ། ཏིང་ངེ་འཛིནད་ཀྱི་ཟས་ལས་ཤིན་ཏུ་རིང་ཞིང་རྣམ་པར་རིང་བ། སྤུ་དང་གཡོལ་ལ་གནས་པ་དག་གཞན་དུ་སྨྲ་ཞིང
243b8 གཞན་དུ་བྱེད་དེ། དེ་དག་མྱི་ཤེས་བཞིན་དུ། དེད་ནི་ཤེས་རབ་དང་ལྡན་ནོ་ཞེས་ཟེར། མྱི་མཁས་བཞིན་དུ་ངེད་ནི་མཁས་སོ་ཞེས་ཟེར་ཏེ། ངས་སེམས་ཅན་ཐམས་ཅད་ལ་སེམས་མཉམ་པ་ལ་གནས་ནས། ཐུགས་རྗེ་ཆེན་པོ་དང
243b9 ཐབས་ལ་མཁས་པས། དེ་བཞིན་གཤེགས་པའི་སྟོབས་བསྙེལ་བ་མྱི་མངའ་བ་ལ་གནས་ཏེ། མོས་པ་ལ་གཟུད་པའི་སེམས་ཅན་ཐམས་ཅད་ལ་བྱང་ཆུབ་བསྟནད་པ་གང་ཡིན་པ་དེ་ལ། དེ་དག་ཁ་ཅིག་འདི་སྐད་དུ་གང་ཉན་ཐོས།