e-texts navigator
Collection
Volume
Page
Wylie

243a1 ཕྱོགས་གཅིག་ཏུ་འདུག་གོ།། དེ་ནས་བཅོམ་ལྡན་འདས་ཀྱིས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་ལ་བཀའ་སྩལྡ་པ།། མྱི་འཕམ་པ་འདས་པའི་དུས་ཀྱི་དེ་བཞིན་གཤེགས་པ་དགྲ།
243a2 བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གང་རྣམ་པར་འཐག་པ་ཐམས་ཅད་བསྡུས་པའི་མདོའི་ཆོས་ཀྱི་རྣམ་གྲངས་འདི་མ་གསུངས་པ་དེ་མྱི་བཞུགས་སོ།། མ་འོངས་པའི་དུས་ན་དེ་བཞིན་གཤེགས་པ་འབྱུང་བ་ཀང་ཆོས་ཀྱི་ནམ།
243a3 གྲངས་འདི་གསུང་བར་མྱི་འགྱུར་བ་གང་ཡང་མྱི་འབྱུང་ངོ་།། དེ་ཅིའི་ཕྱིར་ཞེ་ན། གང་ཞིག་ཆོས་འདི་ལ་སྦྱང་བ་མ་བྱས་པར་ཆོས་སྟོནད་པ་དེ་ནི་དེ་བཞིན་གཤེགས་པ་ལ་སྐུར་པ་འདེབས་པ་ཡིན་ཆོས་སྤོང་བ་ཡིན། དགེ་འདུན་ལ་སྨོད
243a4 པ་ཡིན་ནོ།། སུ་དཀོན་མཆོག་གསུམ་ལ་ལོག་པར་ཞུགས་པ་དེ་ནི། ངས་སོང་བ་སེམས་ཅན་དམྱལ་བར་གསུངས་སོ།། བྱམས་པ་དེ་ལྟ་བས་ན་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་བྱང་ཆུབ་ལ་ཡང་དག་པར་ཞུགས
243a5 པ་གང་དག་བདག་ལ་འཁྲུལ་པ་མྱེད་པར་འདོད་པ་དེ་དག་ཀྱིས་ཆོས་ཀྱི་རྣམ་གྲངས་འདི་རྟོགས་པར་ཁོང་དུ་ཆུད་པར་བྱས་ལ། དེ་ནས་གདོད་ཆོས་བསྟན་པར་བྱས་སོ།། བྱམས་པ་ཕྱི་མའི་དུས་ན་དམ
243a6 པའི་ཆོས་བསྡུ་བའི་འདི་ཁྱོད་ཀྱི་ལས་ཡིན་གྱིས་སོམས་ཤིག། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པས་བཅོམ་ལྡན་འདས་དེ་བཞིན་ནོ་ཞེས་གསོལ་ཏོ།། བཅོམ་ལྡན་འདས་ཀྱི་ལྟར
243a7 ཉན་ཏོ།། དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་བྱམས་པ་ལ་བོས་ཏེ། འདི་སྐད་ཅེས་བཀའ་སྩལ་ཏོ།། མྱི་འཕམ་པ་གང་གི་ནུབ་མོ་དེ་བཞིན་གཤེགས་པ་བླ་ན་མྱེད་པ་ཡང་དག
243a8 པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པ་དང་། བྱམས་པ་གང་གི་ནུབ་མོ་དེ་བཞིན་གཤེགས་པ་ཡིནད་པ་མྱེད་པར་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་བའི་བར་དུ་དེ་བཞིན་གཤེགས་པ་ལ་འཁྲུལ་པ
243a9 འམ་ཅཅོ་འམ་བསྙེལ་བ་འམ་གསུངས་གིས་ཉེས་པར་གསུངས་པའོ། ཉེ་བར་དགོངས་པ་འམ། འཕྲིན་ལས་ཉེས་པར་མཛད་པ་ཅི་ཡང་ཡོད་དམ། གསོ་ཡད་པ་བཅོམ་ལྡན་འདས་དེ་ནི་མ་མཆིས་སོ།། བཀའ་སྩ་ལད་པ།




iiif viewer powered by OpenSeadragon

242b - 243b

Texts on this page

Ng15.11 - 'phags pa rnam par 'thag pa thams cad bsdus pa zhes bya ba theg pa chen po'i mdo