| e-texts navigator |
| Wylie |
242b1 སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་ལ་བཀའ་སྩལ་པ། མྱི་འཕམ་པ་དེ་བཞིན་གཤེགས་པ་རིང་པོར་མྱི་ཐོགས་པར་ཡོངས་སུ་མྱ་ངན་ལས་འདས་པར་གྱུར་ཀྱིས། འདི་ནི་ཁྱེད་དེ་བཞིན་གཤེགས་པ་ལ་ཡོངས།
242b2 སུ་ཏྲི་པའི་དུས་ཡིན་ནོ།། འདི་ནི་ཅོད་ཡིན་ནོ།། ཁྱེད་གང་སུ་དག་ཆོས་ལ་ཐེ་ཙོམ་ཡོད་པ་དེ་དག་དེ་བཞིན་གཤེགས་པ་ལ་ཡོངས་སུ་མ་ཞུས་ན། དེ་བཞིན་གཤེགས་པ་མངོན་སུམ་ཆུ་བཞུགས་པའི་ཚེ། བདག་ཅག་གིས་མ་ཞུས
242b3 པ་ག་ལ་སྲིད་ཅེས་ཕྱིས་འགྱོད་པར་གྱུར་ད་ཏ་རེ། དེ་སྐད་ཅེས་བཀའ་སྩལ་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ད་ཏོ།། བཅོམ་ལྡན་འདས་ཉིད་མཁས
242b4 པ། བཅོམ་ལྡན་འདས་ཉིད་དུས་མཁྱེནད་པ། ཚོད་མཁྱེནད་པ། རན་པ་མཁྱེནད་པ། བཅོམ་ལྡན་འདས་ཉིད་ཐམས་ཅད་མཁྱེན་ཀྱི་དང་ཐམས་ཅད་གཟིགས་པ་སྟེ། ཆོས་ཐམས་ཅད་རྟོགས་པར་ཞུགས
242b5 སུ་ཆུད་པ་ལགས་ན། བཅོམ་ལྡན་འདས་ཀྱིས་ཆོས་བསྟནད་པ་རྣམ་པ་ཇི་ལྟ་བུས་ཡང་དག་པར་རྫོགས་པའི་སངས་རྒྱས་ཐམས་ཅད་ཀྱི་ཆོས་ཀྱི་ཚུལ་འདི་ཡུན་རིང་ཏུ་གནས་པར་འགྱུར་བ་དེ་ལྟ་བུར་ཆོས
242b6 ལེགས་པར་བསྟན་དུ་གསོལ།། དེ་ནས་ལྷའི་བུ་དབང་ཕྱུག་ཆེན་པོ་གནས་གཙང་མའི་རིས་ཀྱི་ལྷའི་བུ་བྱེ་བ་ཕྲག་བརྒྱ་ནུའི་གཡོག་འཁོར་དང་ལྡན་པས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། ཐལ་མོ་སྦྱར
242b7 ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་རྣམ་པར་འཐག་པ་ཐམས་ཅད་སྨྲས་པ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་འདི་སྔོན་གྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས
242b8 རྒྱས་རྣམས་ཀྱིས་སྔོན་གསུངས་ན། དེ་སྐྱེ་བོ་མང་པོ་ལ་སྨན་པ་དང་། སྐྱེ་བོ་མང་པོ་ལ་བདེ་བ་དང་། དེ་བཞིན་གཤེགས་པའི་བསྟནད་པ་འདི་ཡུན་རིང་དུ་གནས་པར་འགྱུར་བའི་སླད་དུ། བཅོམ་ལྡན་འདས་ཀྱིས་ཀྱང་བསྟན
242b9 དུ་གསོལ་ཞེས་གསོལ་ནས། བཅོམ་ལྡན་འདས་ལྷའི་བུ་དབང་ཕྱུག་ཆེན་པོ་ལ་ཅང་མྱི་གསུང་བས་གནང་བར་མཛད་དོ།། དེ་ནས་ལྷའི་བུ་དབང་ཕྱུག་ཆེན་པོས་བཅོམ་ལྡན་འདས་ཀྱིས་ཅང་མྱི་གསུང་བས་གནང་བར་རིག་ནས