| e-texts navigator |
| Wylie |
242a1 བོ་རྣམས་དང་། ནམ་མཁའ་ལྡིང་གི་དབང་པོ་རྣམས་དང་། ཕྱི་འམ་ཅིའི་དབང་པོ་རྣམས་དང་། ལྟོ་འཕྱེ་ཆེན་པོའི་དབང་པོ་རྣམས་ཇི་སྙེད་པ་དེ་དག་ཐམས་ཅད་གཡོར་འཁོར་བྱེ་བ་བརྒྱ་སྟོང་ཕྲག་ཏུ་མ་དང་། བཅོམ
242a2 ལྡན་འདས་ག་ལ་བ་དེར་དོང་སྟེ་ཕྱིན་པ་དང་། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། ཐལ་མོ་སྦྱར་ནས་བཅོམ་ལྡན་འདས་ལ་ཕྱག་འཚལ་ཞིང་། ཕྱོགས་གཅིག་ཏུ་འཁོད་པར་གྱུརྡ་ཏོ།། ཕྱོགས་བཅུའི་འཇིག
242a3 རྟེན་གི་ཁམས་གང་འགའི་ཀླུང་གི་བྱེ་མ་སྙེད་དག་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དབང་ཆེ་བ། དབང་ཆེ་བར་གྲགས་པ། ཇི་སྙེད་པ་དེ་དག་ཀྱང་། བཅོམ་ལྡན་འདས་ཀ་ལ་བ་དེར་དོང་སྟེ་ཕྱིན་ནས། བཅོམ་ལྡན
242a4 འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། ཐལ་མོ་སྦྱར་ནས། བཅོམ་ལྡན་འདས་ལ་ཕྱག་འཚལ་ཞིང་ཕྱོགས་གཅིག་ཏུ་འཁོད་པར་གྱུར་ཏོ།། དེའི་ཚེ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གི་ཁམས་འདི་སྲིད་པའི་རྩེ་མོ
242a5 མན་ཅད་ལྷ་དང་ཀླུ་དང་། གནོད་སྦྱིན་དང་། དཱི་ཟ་དང་། ལྷ་མ་ཡིན། དང་། ནམ་མཁའ་ལྡིང་དང་། མྱི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་ད་པང་ཆེ་བ། དབང་ཆེ་བར་གྲགས་པ་དག་གིས་གང་བར་གྱུར་ད་པ་ནཾ།
242a6 ཟ་ན་ཁར་བའི་རྩེ་མོ་གཟུགས་པའི་ཕྱོགས་ཙམ་ཡང་མྱེད་དོ།། དེ་ནས་བཅོམ་ལྡན་འདས་དགོངས་ཤིང་མཁྱེནད་བཞིན་དུ། ཏི་ངེ་འཛིན་དེ་ཡས་བཞེངས་ཏེ། བཞེངས་ནས་ཀྱང་འཁོར་ལ་ལན་གསུམ་གཟིགས
242a7 སོ།། འཁོར་ལ་གཟིགས་ནས་ཀྱང་སེང་གེའི་བགྱིངས་པ་ཆེན་པོ་ལན་གསུམ་མཛད་དོ། སྒྱིངས་ནས་ཀྱང་ལྗགས་ཀྱི་དབང་པོ་ལན་གསུམ་ཕྱུང་ངོ་།། སྔགས་ཀྱི་དབང་པོ་ལན་གསུམ་ཕྱུང་ནས་ཀྱང་སྟོང་གསུམ་གཽ་སྟོང་ཆེན་པོའི
242a8 འཇིག་རྟེན་གི་ཁམས་ལྗགས་ཀྱི་དབང་པོས་ལན་གསུམ་ཁྱབ་པར་མཛད་དོ།། སྟོང་གསུམ་གོ་ཆེན་པོའི་འཇིག་རྟེན་གི་ཁམས་ལྗགས་ཀྱི་དབང་པོས་ལན་གསུམ་ཁྱབ་པར་མཛད་ཅིང་། རྫུ་འཕྲུལ་མངོན་པར་འདུ་བྱ་བ་དེས་ཁྱབ་པར
242a9 མཛད་ནས་ཡང་རྣམ་པར་གཟིགས་སོ།། དེ་ནས་ཐམས་ཅད་དང་ལྡན་པའི་འཁོར་སྟན་ལས་ལངས་ཏེ། ཐལ་མོ་སྦྱར་ནས་བཅོམ་ལྡན་འདས་ཉིད་ལ་ཕྱག་འཚལ་ཞིབ་འཁོད་པར་གྱུར་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ