| e-texts navigator |
| Wylie |
241a1 ལན་བརྒྱད་ཁྲི་བཞི་སྟོང་དུ་འཁོར་ལོས་བསྒྱུར་བའི་རྒྱལ་པོ་བྱས་ནས། དེ་བཞིན་གཤེགས་པ་རིན་ཅེན་འོད་འཕྲོ་ཞེས་བྱ་བར་གྱུར་ཏེ། ཀོའུ་ཤི་ཀ་འདི་ནས་ཤར་ཕྱོགས་ན་སངས་རྒྱས་ཀྱི་ཞིང་བྱེ་བ་སྟོང་ཕྲག།
241a2 བརྒྱ་སྟོང་སྣང་བ་ན་ཆོས་བསྟོན་ཏེ། ངས་ད་ལྟ་ན་ཡང་མཐོང་ངོ་།། ཀོའུ་ཤི་ཀ་སུ་དག་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་ཅེན་འོད་འཕྲོ་དེའི་མྱིང་ཐོབ་པ་དེ་དག
241a3 ཐམས་ཅད་ཡོངས་སུ་མྱ་ངན་ལས་འདས་པར་ངེས་པར་འགྱུར་རོ།། བུད་མྱེད་གར་ལ་ལ་ཞིག་གིས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་ཆེན་འོད་འཕྲོ་དེའི་མྱིང་ཐོས་སམ་འཚོ་ཀར་ཡ
241a4 མངོན་གསུམ་དུ་བྱེད་ན། དེ་ཉིད་དེའི་བུད་མྱེད་ཀྱི་ལུས་ཀྱི་ཐ་མ་ཡིན། ནོ།། ལྷའི་དབང་པོ་དེ་ལྟར་ཆོས་ཀྱི་རྣམ་གྲངས་འདི་བྱང་ཆུབ་སེམས་དང་། འ་སེམས་དཔའ་རྣམས་ཀྱི་དགེ་བའི་རྩ་བ་སྒྲུབ་དང་། ལས་ཀྱི་སྒྲིབ
241a5 པའི་རྒྱུན་གཅོད་པའི་གཅེས་སྤྲས་བྱེད་པ་ཡིན་ནོ།། དེ་ནས་བཅོམ།། ལྡན་འདས་ལ་ལྷའི་དབང་པོ་བརྒྱ་བྱིན་ཀྱིས་འདི་སྐད་ཅེས་གསོལ་། ཏོ།། བཅོམ་ལྡན་འདས་ཆོས་ཀྱི་རྣམ་གྲངས་འདིའི་མྱིང་མི་ལགས།།
241a6 འདི་ཇི་ལྟར་བཟུང་བར་བགྱི། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ལྷའི་དབང་པོ་བརྒྱ་བྱིན་ལ་འདི་སྐད་ཅེས་བཀའ་སྩལ་ད་ཏོ།། ཀོའུ་ཤི་ཀ་དེའི་ཕྱིར་ཆོས་ཀྱི་རྣམ་གྲངས་འདི་ལས་ཀྱི་སྒྲིབ་པ
241a7 འི་རྒྱུན་གཅོད་པ་ཞེས་བྱ་བར་ཟུང་ཤི་ག།། བྱང་ཆུབ་སེམས་དཔའི་སྡེ་སྣོད་ཞེས་བྱ་བར་ཡང་ཟུང་ཤིག། འདི་སོམ་ཉི་གཅོད་པ་ཞེས་བྱ་བར་ཡང་ཟུང་ཤིག། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལྡ་ནས།
241a8 ལྷའི་དབང་པོ་བརྒྱ་བྱིན་དང་། ཚེ་དང་ལྡན་པ་ཤ་རིའི་བུ་དང་། ལྷ་དང་མྱི་དང་། ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།།
241a9 འཕགས་པ་ལས་ཀྱི་སྒྲིབ་པའི་རྒྱུན་གཅོད་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོལ། རྫོགས་སྷོ།། །། རྒྱ་ཀར་ཀི་མཁན་པོ་འཛིན་མྲྀ་ཏྲ་དང་། ཞུ་ཆེན་གི་ལོ་ཙ་བ་བན