| e-texts navigator |
| Wylie |
240b1 བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་དེ་བཞིན་ནོ།། ཀོའུ་ཤི་ཀ་དེ་བཞིན་ནོ།། དེ་ཅིའི་ཕྱིར་ཞེ་ན། ལྷའི་དབང་པོ་ངས་མངོན་པར་ཤེས་ཏེ། འདི་ནས་བསྐལ་པ་གྲངས་མྱེད་པའི་ཡང་ཆེས་གྲངས་མྱེད་པར་གྱུར་པ་ན། དེ
240b2 བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་ཟེར་གྱི་ཕུང་པོ་ཆེན་པོ་ཞེས་བྱ་བ་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ
240b3 བླ་ན་མྱེད་པ། ལྷ་དང་མྱི་རྣམས་ཀྱི་སྟོནད་པ། སངས་རྒྱས་བཅོམ་ལྡན་འདས་འཇིག་རྟེན་དུ་བྱུང་ངོ་།། ལྷའི་དབང་པོ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་གཟར་གི་ཕུང་པོ་ཆེན་པོའི་ཚེ
240b4 འཚེད་ནི་ལོ་བྱེ་བ་ཕྲག་དྲུག་བཅུ་ཐུབ་པར་གྱུར་ཏོ།། དེའི་ཉན་ཐོས་ཐོག་མར་འདུས་པ་ནི་བྱེ་ཕྲག་འབུམ་འཁོད་དེ། ཐམས་ཅད་ཀྱང་དགྲ་བཅོམ་པ་ཟག་པ་ཟད་པ་ཤ་སྟག་གོ།། དེའི་ཉན་ཐོས་འདུས
240b5 པ་གཉིས་པ་ནི་བྱེ་བ་བརྒྱ་སྟོང་ཕྲག་དགུ་བཅུ་རྩ་བརྒྱད་ཡོད་དེ། ཐམས་ཅད་ཀྱང་དགྲ་བཅོམ་པ་ཟག་པ་འད་པ་ཤ་སྟག་གོ།། དེའི་ཉན་ཐོས་འདུས་པ་གསུམ་པ་ནི་བྱེ་བ་བརྒྱ་སྟོང་ཕྲག་དགུ་བཅུ་མ་དྲུ།
240b6 ཡོད་དེ། ཐམས་ཅད་ཀྱང་དགྲ་བཅོམ་པ་ཟག་པ་ཟད་པ་ཤ་སྟག་གོ། ལྷའི་དབང་པོ་དེ་ནས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་ཟེར་གི་ཕུང་པོ་ཆེན་པོ་དེ་ལྷ་དང་བཅས་པ་འི་འཇིག
240b7 རྟེན་དང་། ཚངས་པ་དང་བཅས་པ་དང་། དགེ་སྦྱོང་དང་། བྲམ་ཟེར་བཅས་པའི་སྐྱེ་དགུའི་དོན་གྱི་ཕྱིར་རྒྱུའོ།། ལྷའི་དབང་པོ་དེའི་ཚེ་བུད་མྱེད་གང་ཀ་འགའི་ལྷ་མོ་ཞེས་བྱ་བ་ཞིག་འཁོར་འདུས་པ་དེ་ཉིད་ཀྱི་ནང་དུ་འདུས་པར
240b8 གྱུར་ཏེ། འདུག་པ་དེས་ཆོས་ཀྱི་ནམ་གྲངས་འདི། བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་འོད་ཟེར་གྱི་ཕུང་པོ་ལས་མངོན་གསུམ་དུ་བཟུང་། ཀུན་ཆུབ་པར་བྱས། བླངས་ནས་སྐྱེ་བོ་མང་པོ་ལ་ཡང་དག་པར་བསྟན་ཏེ།
240b9 བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་ཡང་དག་པར་ཞུགས་པར་གྱུ་རད་ཏོ།། དེ་དེ་ནས་ཤི་འཕོས་ནས་བུད་མྱེད་ཀྱི་ལུས་སྤངས་ཏེ། སྐྱེས་པའི་དབང་པོ་ཐོབ་ནས་རྟག་པར་རྒྱུན་ཏུ་ལྷ་དང་མྱ་རྣམས་ཀྱི་ནེ་པྲ་དྷ་སྐྱེས་ཏེ།