e-texts navigator
Collection
Volume
Page
Wylie

240a1 རིགས་ཀྱི་འམ་རིགས་ཀྱི་བུ་མོ་གཞི་དེ་ལས་བསོད་ནམས་མང་དུ་སྐྱེད་དམ། གསོལ་པ། བཅོམ་ལྡན་འདས་མང་ལགས་སོ།། བདེ་བར་གཤེགས་པ་མང་ལགས་སོ།། བཀའ་སྩལ་ད་པ། ཤ་རིའི་བུ་རིགས།
240a2 ཀྱི་བུ་འམ་རིགས་ཀྱི་བུ་མོ་ལ་ལ་ཞིག་མདོ་འདི་འཛིནད་ཏམ། ཀུན་ཆུབ་པར་བྱེད་དམ། འདོནད་པར་བྱེད་དམ། ཀློག་ཀམ། སྐྱེ་བོ་ལ་ཡང་དག་པར་རབ་ཏུ་སྟོན་ད་ཏམ། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སྨོན་ལམ
240a3 འདེབས་ན། དེ་ནི་དེ་བས་བསོད་ནམས་ཆེས་མང་དུ་སྐྱེད་དེ། བསོད་ནམས་ཕུང་པོ་སྔ་མས་བསོད་ནམས་ཀྱི་ཕུང་པོ་འདིའི་བརྒྱའི་ཆར་ཡང་ཉེ་བར་མྱི་འགྲོ་བ་ནས་དཔེའི་བར་དྷ་ཡང་མྱི་བཟོད་དོ།། དེ་ཅིའི་ཕྱིར་ཞེ་ན། ཤ་རིའི་བུ་འདི
240a4 ལྟར་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་སྒྲུབ་པ་འདི་ལ་གནས་ནས་ཕྱོགས་བཅུའི་འཇིག་རྟེན་གི་ཁམས་ཀྱི་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་བའི་ཕྱིར་རོ།། ཤ་རིའི
240a5 བུ་སྦྱིན་པ་རྣམས་ཀྱི་ནང་ན་ནི་འདི་ལྟེ་སྟེ་ཆོས་ཀྱི་སྦྱིན་པས་མཆོག་རྩེ། ས་རས་བཤད་དོ།། དེ་ནས་འཁོར་དེ་ལས་སྲོག་ཆགས་ཁྲ་སྟན་ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག་ཏུ་གཟརྡ་ནས། པུས་མོ
240a6 གཡས་པའི་ལྟེ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་ཀ་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་པ་བཏུད་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བདག་ཅག་གིས་མདོ་འདི
240a7 གཟུང་བར་བགྱིའོ།། གཞན་དག་ལ་ཡང་སྐྱེ་ཆེམ་ཡང་དག་པར་སྙན་པར་བགྱིའོ།། བསྒྲུབ་པར་གནས་པར་བགྱིའོ།། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་བདག་ཅག་ནི་དགེ་བའི་ཆོས་དེ་ལྟ་བུ་དག་ཀྱིས་བླ་ན་མྱེད་པ་ཡང་དག་པར
240a8 རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འཚལ་གྱིས་དོན་དུ་གཉེར་བ་ལགས་སོ།། དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་བཅོམ་ལྡན་འདས་དང་ཆོས་ཀྱི་རྣམ་གྲངས་འདི་ལ་ལྷའི་མེ་ཏོག་མན་ད་ར་བས་མངོན་པར་གཏོར
240a9 ཏོ།། མངོན་པར་གཏོར་ནས་ཀྱང་ཚིག་འདི་སྐད་ཅེས་བཅོམ་ལྡན་འདས་ཆོས་ཀྱི་ནམ་གྲངས་འདོནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དགེ་བའི་རྩེ་བ་བསྐྲུནད་པ་དང་། ལས་ཀྱི་སྒྲིབ་པའི་སྐྱོན་གཅོད་པའི་གཅེས་སྤྲས་བགྱིད་པ་ལག་སྷོ།




iiif viewer powered by OpenSeadragon

239b - 240b

Texts on this page

Ng15.10 - 'phags pa las kyi sgrib pa rgyun gcod pa zhes bya ba theg pa chen po'i mdo