e-texts navigator
Collection
Volume
Page
Wylie

239b1 བོ་མང་པོ་ལ་སྨན་པ་དང་། སྐྱེ་བོ་མང་པོ་ལ་བདེ་བ་དང་། འཇིག་རྟེན་ལ་ཐུགས་རྩེ་བ་དང་། སྐྱེ་བོ་ཕལ་པོ་ཆེ་དང་། ལྷ་དང་མྱི་རྣམས་ཀྱི་དོན་དང་། སྨན་པ་དང་བདེ་བའི་སླད་ཏུ། ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་པ་དེ་བཞིན
239b2 དུ་བདག་དང་སེམས་ཅན་ཐམས་ཅད་ཀྱང་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས། སྐྱེ་བོ་མང་པོ་ལ་སྨན་པ་དང་། སྐྱེ་བོ་མང་པོ་ལ་བདེ་བ་དང་། འཇིག་རྟེན་ལ་སྙིང་བརྩེ་བ་དང་།
239b3 སྐྱེ་བོ་ཕལ་པོ་ཆེ་དང་། ལྷ་དང་མྱི་རྣམས་ཀྱི་དོན་དང་། སྨན་པ་དང་བདེ་བའི་སླད་དུ་ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བར་ཤོག་ཤིག་ཅེས་བརྗོད་པར་བྱའོ།། ཤ་རིའི་བུ་འདི་ནི་ཡོངས་སུ་བསྔོ་བའི་ཕུང་པོ་སྟེ། བསོད་ནམས་ཀྱི་ཕུང
239b4 པོ་སྔ་མས་ཡོངས་སུ་བསྔོ་བའི་ཕུང་པོ་འདིའི་བརྒྱའི་ཆར་ཡང་ཉེ་བར་མྱི་འགྲོ་བ་ནས། དཔེའི་བར་དུ་ཡང་མྱི་བཟོད་དོ།། ཤ་རིའི་བུ་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གཔལ་ལ་ཞིག། མདོ་འདི་ལེནད་ཏམ། ཀུན་ཆུབ་པར་བྱེད་དམ།
239b5 འཛིན་ད་ཏམ། ཀློཀ་གམ། གཞན་དག་ལ་ཡང་རྒྱ་ཆེར་ཡང་དག་པར་རབ་ཏུ་སྟོན་ན། དེ་ནི་བསོད་ནམས་ཀྱི་ཕུང་པོ་དེ་བས་ཆེས་མད་ཏུ་གྲངས་མྱེད་དཔག་ཏུ་མྱེད་པ་བསྐྱེད་དོ།། ཤ་རིའི་བུ་སྟོང་གསུམ་གཽ
239b6 སྟོང་ཆེན་པོའི་འཇིག་རྟེན་གི་སེམས་ཅན་ཇི་སྙེད་པ་དེ་དག་ཐམས་ཅད་སྔ་ཕྱི་མྱེད་པར་མྱིའི་ལུས་ཐོབ་པར་གྱུར་ད་ལ། སྔ་ཕྱི་མྱེད་པར་མྱིའོ། ལུས་ཐོབ་ནས་ཀྱང་རང་བྱང་ཆུབ་ཐོབ་པར་གྱུར་ཏེ། དེ་དག་ལ་རིགས
239b7 ཀྱཻ་བུའམ་རིགས་ཀྱི་བུ་མོ་ལ་ལ་ཞིག་གིས་སྟི་སྟང་དང་། པུང་དུ་བྱ་བའི་བྱོར། ཀོ་ས་དང་། ཟས་དང་། མལ་ཆ་དང་། ན་པའི་གསོས་སྨན་དང་། ཡོ་བྱད་རྣམས་རྒྱས་ཇི་སྲིད་མཚོ་བའི་བར་དུ་བསྙེན་བཀུར་བྱས་ཏེ། རིམ་འགྲོ་བྱ་བ་ལན།
239b8 ཅིག་ཅི་ཡང་རིན་པོ་ཆེའི་ཕུང་པོ་རི་རེབ་ཙམ་གྱི་རིན་པོ་ཆེ་རྣམས་ཡོངས་སུ་ཟད་པར་བྱས་ལ། ཡོངས་སུ་མྱ་ངན་ལས་འདས་ནས་ཀྱང་དེ་དག་གི་མཆོད་རྟེན་རིན་པོ་ཆེ་སྣ་བཙུན་ཏེ། གསེར་དང་། དངུལ་དང་། མུ་ཏིག་དང་། བྱེ་ཏུརྱ་དང་།
239b9 ཤེལ་དང་། སྤུག་དང་། མུ་ཏིག་དམར་པོ་ལས་དབང་དཔག་ཚད་བཅུ་པ་བྱས་ཏེ། དེ་དག་ལ་གདུགས་དང་། རྒྱལ་མཚན་དང་། བ་དན་དང་། བ་དན་འཕྲ་མོ་རྣམས་ཀྱིས་མཆོད་པ་བྱས་ན། ཤ་རིའི་བུ་འདི་ཇི་སྙམ་དུ་སེམས




iiif viewer powered by OpenSeadragon

239a - 240a

Texts on this page

Ng15.10 - 'phags pa las kyi sgrib pa rgyun gcod pa zhes bya ba theg pa chen po'i mdo