| e-texts navigator |
| Wylie |
239a1 ལྟར་བྱུང་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་བྱང་ཆུབ་ཀྱི་ཕྱིར་སྤྱོད་པ་ན། ཐམས་ཅད་མཁྱེནད་པ་ཉིད་དུ་འགྱུར་བར་བགྱི་བའི་སླད་དུ་དགེ་བའི་རྩ་བ་རྣམས་ཡོངས་སུ་སྔོ་བ་དེ་བཞིན་དུ། བདག
239a2 གིས་ཀྱང་ཐམས་ཅད་མཁྱེནད་པ་ཉིད་དུ་འགྱུར་བར་བགྱི་བའི་སླད་དུ། དགེ་བའི་རྩ་བ་རྣམས་ཡོངསུ་སྔོའོ།། དགེ་བའི་རྩ་བ་འདིས་བདག་དང་སེམས་ཅན་ཐམས་ཅད་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན
239a3 པར་རྫོགས་པར་འཚང་རྒྱ་བར་གྱུརྡ་ཅིག། ཐམས་ཅད་མཁྱེནད་པའི་ཡེ་ཤེས་ཀྱང་ཐོབ་པར་གྱུར་ད་ཅིག། ཇི་ལྟར་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཤག་ཀྱ་ཐུབ་པ་དེས་བྱང་ཆུབ་ཀྱི་སྙིང་པོ་ལ་བཞུགས་ཏེ། སངས
239a4 རྒྱས་ཀྱི་ཏིང་འཛིནད་བསམ་གྱིས་མྱི་ཁྱབ་པ་དྲི་མ་མྱེད་པ། ཤིན་ཏུ་དཀར་བ་ལ་བཞུགས་ནས། བདུད་སྡིག་ཅན་བཅོམ་སྟེ། ཤེས་པར་བགྱི་བ་དང་། བལྟ་བར་བགྱི་བ་དང་། རྟོགས་པར་བགྱི་བ་དང་།
239a5 མངོན་པར་རྫོགས་པར་བྱང་ཆུབ་པར་བགྱི་བ་གང་ཅི་ཡང་རུང་སྟེ། དེ་དག་ཐམས་ཅད་ནམ་གྱི་ཐོ་རས་སྐྱ་རེང་འཆར་ཁར་སྐད་ཅིག་གཅིག་དང་། ལྡན་པའི་ཤེས་རབ་ཀྱིས་བདུད་རྩི་བརྙེས་ཏེ། འཆི་བ་མྱེད་པར་འགྲོ་བའི
239a6 ལམ་མངོན་པར་རྫོགས་པར་སངས་རྒྱས་པ་དེ་བཞིན་དུ་བདག་དང་སེམས་ཅན་ཐམས་ཅད་ཀྱང་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་གྱུར་ད་ཅིག། ཐམས་ཅད་མཁྱེནད་པའི་ཡེ་ཤྲེ
239a7 ཀྱང་ཐོབ་པར་གྱུརྡ་ཅིག། ཇི་ལྟར་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་འོད་དཔག་མྱེད་དང་། འོད་མཆོག་དང་། འོད་དགེ་དང་། བསོད་ནམས་འོད་དང་། མྱི་འཁྲུགས་པ་དང་། སེང་གེ་དང་། འོད་གཟེར་བརྒྱ་པ་དང་།
239a8 འོད་གཟེར་འཐོབ་པ་དང་། འོད་དྲ་བ་ཅན་དང་། རིན་ཅེན་འོད་འཕྲོ་དང་། འོད་འབར་དང་། སྣང་བའི་རྒྱལ་པོ་དང་། ཤིན་ཏུ་བརྒྱན་པ་དང་། རིན་ཅེན་ཏོག་དང་། ཆོས་ཀྱི་རྒྱལ་མཚན་དང་། ཡན་ལག་མཆོག་དེ་བཞིན་གཤེགས
239a9 པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་དང་། སངས་རྒྱས་བཅོམ་ལྡན་འདས་གཞན་དག་གིས་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས། ཇི་ཙམ་ཏུ་སྐྱེ