| e-texts navigator |
| Wylie |
238b1 འདས་རྣམས་ཀྱི་སངས་རྒྱས་ཀྱི་ཡེ་ཤེས་ཆགས་པ་མྱི་མངའ་བས་ཇི་ལྟར་མཁྱེནད་པ་དེ་ལྟ་བུས་བདག་གིས་དགེ་བའི་རྩ་བ་དེ་བཏང་ངོ་།། སེམས་ཅན་ཐམས་ཅད་ལག་ན་རིན་པོ་ཆེ་དང་ལྡན་པར་གྱུར་ད་ཅིག། ནམ་མཁའི་མཛོད་དང་།
238b2 ལོངས་སྤྱོད་ཟད་མྱི་ཤེས་པ་དང་། བསོད་ནམས་ཟད་མྱི་ཤེས་པ་དང་། ཆོས་ཟད་མྱི་ཤེས་པ་དང་། ཡེ་ཤེས་ཟད་མྱི་ཤེས་པ་དང་། སྤོབས་པ་ཟད་མྱི་ཤེས་པ་དང་། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར
238b3 བྱང་ཆུབ་པ་དང་ཐམས་ཅད་མཁྱེནད་པའི་ཡེ་ཤེས་ཐོབ་པར་གྱུར་ད་ཅིག། བདག་གིས་དགེ་བའི་རྩ་བ་སེམས་ཅན་ཐམས་ཅད་ལ་སྩལ་པ་ལས་བྱུང་བའི་བསོད་ནམས་གང་ཡིན་པ་དེ་དག་ཐམས་ཅད་གཅིག་ཏུ་བསྡུས། གཞལ་བཟླས
238b4 ཏེ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོང་སུ་བསྔོའོ།། དགེ་བའི་རྩ་བ་འདིས་བདག་དང་སེམས་ཅན་ཐམས་ཅད་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་གྱུར་ད་ཅིག།
238b5 ཇི་ལྟར་སྔོན་གི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག། གིས་བྱང་ཆུབ་ཀྱི་ཕྱིར་གྱོད་པ་ན། ཐམས་ཅད་མཁྱེནད་པ་ཉིད་དུ་འགྱུར། པར་བགྱི་བའི་སླད་དུ། དགེ་བའི་རྩ་བ་རྣམས་ཡོངས་སུ་བསྔོས་པ་དེ་བཞིན
238b6 དུ། བདག་གིས་ཀྱང་ཐམས་ཅད་མཁྱེནད་པ་ཉིད་དུ་འགྱུར་བར་བགྱི་བའི་སླད་དུ། དགེ་བའི་རྩ་བ་རྣམས་ཡོངས་སུ་བསྔོའོ།། དགེ་བའི་རྩ་བ་འདིས་བདག་དང་སེམས་ཅན་ཐམས་ཅད་བླ་ན་མྱེད་པ་ཡང་དག་པར་རྫོགས
238b7 པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་བརྒྱ་པར་གྱུར་ཅིག། ཐམས་ཅད་མཁྱེནད་པའི་ཡེ་ཤེས་ཀྱང་ཐོབ་པར་གྱུར་ད་ཅིག། ཇི་ལྟར་མ་འོངས་པའི་དུས་ཀྱི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་བྱང་ཆུབ་ཀྱི་ཕྱིར་སྤྱོད་པ
238b8 ས། ཐམས་ཅད་མཁྱེནད་པ་ཉིད་དུ་འགྱུར་བར་བགྱི་བའི་སླད་དུ་དགེ་བའི་རྩ་བ་རྣམས་ཡོངས་སུ་སྔོ་བར་འགྱུར་བ་དེ་བཞིན་བདག་གིས་ཀྱང་ཐམས་ཅད་མཁྱེདད་པ་ཉིད་དུ་གྱུར་པར་བགྱི་བའི་སླད་དུ་དགེ་བའི་རྩ་བ་རྣམས་ཡོངས་སུ་བསྔོའོ།།
238b9 དགེ་བའི་རྩ་བ་འདིས་བདག་དང་སེམས་ཅན་ཐམས་ཅད་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་གྱུར་ད་ཅིག། ཐམས་ཅད་མཁྱེནད་པའི་ཡེ་ཤེས་ཀྱང་ཐོབ་པར་གྱུར་ད་ཅིག། ཇི་ལྟར་ད།