e-texts navigator
Collection
Volume
Page
Wylie

238a1 ཐོས་ཀྱི་ཐེག་པ་ལ་ཡང་དག་པར་ཞུགས་པ་འམ། རང་སངས་རྒྱས་ཀྱི་ཐེག་པ་ལ་ཡང་དག་པར་ཞུགས་པ་འམ། ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་འམ།། སེམས་ཅན་གཞན་དག་ཀྱང་རུང་སྟེ། བླ་ན་མྱེད
238a2 པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འཚལ་བས། ཐམས་ཅད་མཁྱེནད་པ་ཉིད་དུ་འགྱུར་བར་བགྱི་བའི་སླད་དུ་དགེ་བའི་རྩ་བ་རྣམས་ཇི་ལྟར་ཡོངས་སུ་བསྔོ་བར་བགྱི། དེ་སྐད་ཅེས་གསོལ་པ
238a3 དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཤ་རིའི་བུ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། ཤ་རིའི་བུ་འདི་ལ་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་ཉན་ཐོས་ཀྱི་ཐེག་པ་ལ་ཡང་དག་པར་ཞུགས་པ་འམ། རང་སངས་རྒྱས་ཀྱི་ཐེག་པ
238a4 ལ་ཡང་དག་པར་ཞུགས་པ་འམ། ཐེག་པ་ཆེན་པ་ལ་ཡང་དག་པ་དར་ཞུགས་པ་འམ། སེམས་ཅན་གཞན་དག་ཀྱང་རུང་སྟེ། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ
238a5 བར་འདོད་པས། ཉིན་ལན་གསུམ་མཚན་ལན་གསུམ་དུ་ཚིག་འདིས་ད་ཅེས། ཐོག་མ་དང་ཐ་མ་མ་མཆིས་པའི་འཁོར་བ་ན་འཁོར་བའི་ཚེ། བདག་གིས་དགེ་བའི་རྩ་བ་མངོན་པར་འདུས་བགྱིས་པར་གྱུར་པ་སངས
238a6 རྒྱས་སམ། ཆོས་སམ། དགེ་འདུན་ནམ། གང་ཟག་ཀམ། ཐ་ན་དུད་འགྲོའི་སྐྱེ་གནས་སུ་སོང་བ་རྣམས་སམ། སེམས་ཅན་གཞན་དག་ཀྱང་རུ་བ་སྟེ། ཟན་ཅང་གཅིག་ཙམ་སུ་ཡད་པར་འགྱུར་བ་དང་། འཆགས་པ
238a7 གང་ལགས་པ་དང་། གསོལ་བ་བཏབ་པ་ཀང་ལགས་པ་དང་། སྐྱབས་སུ་མཆི་བ་གང་ལགས་པ་དང་། བསླབ་པའི་གཞི་དང་ལྡན་པའི་དགེ་བའི་རྩ་བ་གང་ལགས་པ་དང་། སོ་སོར་འཆགས་པ་དང་། ལྡན་པའི་དགེ་བའི་རྩ་བ
238a8 གང་ལགས་པ་དང་། རྗེས་སུ་ཡི་རང་བའི་དང་ལྡན་པའི་བསོད་ནམས་བགྱི་བའི་དངོས་པོ་གང་ལགས་པ་དང་། གསོལ་བ་གདབ་པ་དང་ལྡན་པའི་དགེ་བའི་རྩ་བ་ག་པ་ལགས་པ་དེ་དག་ཐམས་ཅད་གཅིག་ཏུ་བསྡུས། གཞལ་ད
238a9 བཟླུམས་ཏེ། སེམས་རྟུལ་ཞིང་རྣམ་པར་གྲོལ་བ་དང་། གཟུང་བ་མ་མཆིས་པས་སེམས་ཅན་ཐམས་ཅད་ལ་སྩལ་ད་ཏོ།། ཇི་ལྟར་དགེ་བའི་རྩ་བ་རྣམས་སེམས་ཅན་ཐམས་ཅད་བཏང་བར་བགྱི་བ། སངས་རྒྱས་བཅོམ་ལྡན




iiif viewer powered by OpenSeadragon

237b - 238b

Texts on this page

Ng15.10 - 'phags pa las kyi sgrib pa rgyun gcod pa zhes bya ba theg pa chen po'i mdo