| e-texts navigator |
| Wylie |
237b1 ཞིག་གིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གི་ཁམས་ཇི་སྙེད་པ་དེ་དག་རིན་པོ་ཆེ་སྣ་བདུན་གྱིས་བཀང་སྟེ། དེ་བཞིན་གཤེགས་པ་རྣམས་ལ་དབུལ་བ་ཕུལ་བས། གང་གིས་དེ་བཞིན་གཤེགས་པ་དེ་དག་ལ་ཆོས་ཀྱི་འཁོར།
237b2 ལོ་བསྐོར་བར་བསྐུལ་ན། ད་ནི་དེ་བས་བསོད་ནམས་ཆེས་མང་དུ་གྲངས་མྱེད་དཔག་ཏུ་མྱེད་པ་སྐྱེད་དོ།། ཤ་རིའི་བུ་སྟོང་གསུམ་གི་སྟོང་ཆེན་པོའི་འཇིག་རྟེན་གི་ཁམས་ལྟ་ཞོག་སྟེ། ཤ་རིའི་བུ་འཇིག་རྟེན་གོ་ཁམས་གང་གཱའི་ཀླུང་གོ་བྱཾ
237b3 མ་དང་མཉམ་པོ་ཇི་སྙེད་པ་དེ་དག་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་ལ་ལ་ཞིག་གིསེ་རིན་པོ་ཆེ་སྣ་བདུན་བླཀང་སྟེ། དེ་བཞིན་གཤེགས་པ་རྣམས་ལ་དབུལ་བ་ཕུལ་བ་པས། གང་གིས་དེ་བཞིན་གཤེགས་པ་དེ་དག་ལ་གསོལ་བ
237b4 བཏབ་ན། དེ་ནི་དེ་བས་བསོད་ནས་ཆེ་མང་དུ་གྲངས་མྱེད་དཔག་ཏུ་མྱེད་བསྐྱེད་དོ།། དེ་ཅིའི་ཕྱིར་ཞེ་ན། ཤ་རིའི་བུས་རས་སྔོན་བྱང་ཆུབ་སེམས་ར་བའི་སྤྱོད་པ་སྐྱེད་པ་ན། དེ་བཞིན་གཤེགས་པ་རྣམས་ལ་ཆོས་ཀྱི
237b5 འཁོར་ལོ་བསྐོར་བར་གསོལ་བ་བཏབ་སྟེ། དགེ་བའི་རྩ་བ་དེས་ན་ང། ལྷའི་དབང་པོ་བརྒྱ་བྱིན་དང་། མྱི་མཆེད་ཀྱི་བདག་པོ་ཚངས་པ་ད། ། བཅོམ་ལྡན་འདས་སྐྱེ་བོ་མང་པོ་ལ་སྨན་པ་དང་། སྐྱེ་བོ་མང
237b6 པོ་ལ་བདེ་བ་དང་། འཇིག་རྟེན་ལ་ཐུགས་བརྩེ་བ་དང་། སྐྱེ་བོ་ཕལ་པོ་ཆེ་དང་། ལྷ་དང་མྱི་རྣམས་ཀྱི་དོན་དང་། སྨན་པ་དང་བདེ་བའི་སླད་དུ། ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བར་གསོལ་ཞེས་ཆོས་ཀྱི་འཇོ
237b7 ལོ་རབ་ཏུ་བསྐོར་བར་གསོལ་བ་བཏབ་བོ།། ཤ་རིའི་བུ་ངས་སྔོན་བྱང་ཆུབ་ཀྱི་ཕྱིར་སྤྱོད་པ་ན། དེ་བཞིན་གཤེགས་པ་རྣམས་ལ་རིང་དུ་བཞུགས་པར་གསོལ་ཏེ། དགེ་བའི་རྩ་བ་དེས་ན། ང་མྱི་འཇིགས་པ་བཞི་དང་།
237b8 བཞིན་གཤེགས་པའི་སྟོབས་བཅུ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། ཡོངས་སུ་མྱ་ངན་ལས་འདས་པ་ཐོབ་སྟེ།
237b9 ངའི་དམ་པའི་ཆོས་ཀྱང་ཡུན་རིང་དུ་གནས་པར་འགྱུར་རོ།། དེ་སྐད་ཅེས་བཀའ་སྩ་ལད་པ་དང་། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཤ་རིའི་བུས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་རིགས་ཀྱི་བུ་འམ་རིག་བུ་མོ་ཉན