e-texts navigator
Collection
Volume
Page
Wylie

237a1 བོ་ཆེ་བརྡུད་དུ་གསོལ། ཆོས་ཀྱི་དུང་འབུད་དུ་གསོལ། ཆོས་ཀྱི་སྲོག་ཤིང་བསྒྲེ་དུ་གསོལ་ཞེས་བརྗོད་པར་བྱའོ།། ཤ་རིའི་བུ་གཞན་ཡང་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་ཉན་ཐོས་ཀྱི་ཐེག་པ་ལ་ཡང་དག་པར
237a2 ཞུགས་པ་འམ། རང་སངས་རྒྱས་ཀྱི་ལག་པ་ལ་ཡང་དག་པར་ཞུགས་པ་འམ། ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་འམ། སེམས་ཅན་གཞན་དག་ཀྱང་རུང་སྟེ། ཉིན་ལན་གསུམ་མཚན་ལན་གསུམ་དུ། བླ་གོས
237a3 ཕྲག་པ་གཅིག་ཏུ་གཟར་ད་ལ། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ་ཐལ་མོ་སྦྱརང་ནས། ཚིག་འདི་སྐད་དུ་སངས་རྒྱས་བཅོམ་ལྡན་འདས་ཀང་དག་ད་ལྟ་ན། ཕྱོགས་བཅུའི་འཇིག་རྟེན་ན། ཚེའི་འདུ་བྱེད་བཏང་བའི
237a4 སངས་རྒྱས་བཅོམ་ལྡན་འདས་དེ་དག་ལ་ཕྱག་འཚལ་ལོ།། སངས་རྒྱས་བཅོམ་ལྡན་འདས་དེ་དག་ལ་བདག་ཕྱག་འཚལ་ནས། གསོལ་བ་འདེབས་ཀྱིས་སངས་རྒྱས་བཅོམ་ལྡན་འདས་དེ་དག་སྐྱེ་བོ་མང་པོ་ལ
237a5 སྨན་པ་དང་། སྐྱེ་བོ་མང་པོ་ལ་བདེ་བ་དང་། འཇིག་རྟེན་ལ་ཐུགས་བརྩེ་བ་དང་། སྐྱེ་བོ་ཕལ་པོ་ཆེ་དང། ལྷ་དང་མྱི་རྣམས་ཀྱི་དོན་དང་། སྨན་པ་དང་། བདེ་བའི་སླད་དུ། ཆོས་ཀྱི་འཁོར་ལོ་ནིབ་ཏུ་བསྐོར།
237a6 ཆོས་ཀྱི་སྒྲོན་མ་ནི་འབར་བར་མཛད། ཆོས་ཀྱི་ཆར་ནི་རབ་ཏུ་འབེབས་ཆོས་ཀྱི་ཆར་ནི་རབ་ཏུ་གཏོང་། ཆོས་ཀྱི་རྔ་ནི་རབ་ཏུ་གརྔུ་པ། ཆོས་ཀྱི་རྔ་བོ་ཆེ་ནི་རབ་ཏུ་རྡུང་། ཆོས་ཀྱི་དུང་ནི་རབ་ཏུ་འབུད། ཆོས་ཀྱི་སྲོག
237a7 ཤིང་བསྒྲེང་། ཆོས་ཀྱི་སྒྲོན་མ་ནི་མཆེད་པར་མཛད། སེམས་ཅན་ཐམས་ཅད་ལ་ཆོས་ཀྱི་སྦྱིན་པས་ནི་ཚིམ་པར་མཛད། ཉམ་བག་ཏུ་སྤྱོད་དུ་འཇུག་ཅིང་རེ་ཤི་ཀ་བཞུགས་སུ་གསོལ། གསོལ་བ་བཏབ་པི་ཕུང་པོ་འདི་ཡང་བླ་ན་མྱེད
237a8 པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སྔོ་སྟེ། ཇི་ལྟར་ན་བླ་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྔོ་བ་དེ་བཞིན་དུ་འདི་ཡོངས་སུ་བསྔོའོ་ཞེས་བརྗོད་པར་བྱའོ།། ཤ་རིའི་བུ་འདི་ནི་གསོལ་བ་བཏབ་པའི་ཕུར
237a9 པོ་སྟེ། རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གསོལ་བ་བཏབ་པོའི་ཕུང་པོ་འདིས། གསོལ་བ་འདེབས་ན་བསོད་ནམས་མང་པོ་གྲངས་མྱེད་དཔག་ཏུ་མྱེད་པ་བསྐྱེད་དོ། ཤ་རིའི་བུ་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་ལ་ལ




iiif viewer powered by OpenSeadragon

236b - 237b

Texts on this page

Ng15.10 - 'phags pa las kyi sgrib pa rgyun gcod pa zhes bya ba theg pa chen po'i mdo