e-texts navigator
Collection
Volume
Page
Wylie

236b1 མྱེད་སྐྱེས་པའི་དབང་པོ་ཐོབ་པར་འདོད་ཅིང་། བུད་བྱེད་ཀྱི་དང་པོ་རྗེ་ལྔ་འདོདས་ཀྱང་རྗེས་སུ་ཡ་རེང་བ་འདིས་རྗེས་སུ་ཡི་རང་བར་བྱའོ།། དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཤ་རའོ་བྱེས་འདི་སྐད་ཅེས་གསོལྡ་ཏོ།།
236b2 བཅོམ་ལྡན་འདས་མ་འོངས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྣང་བ་བགྱིས་པར་འགྱུར་བ་དང་། ད་ལྟར་བྱུང་བའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མོས་བསྐྱེད་པར་འགྱུར་བའི་བསྐུལ་བའི་ཕུང་པོ་བཤད་དུ་གསོལ།
236b3 དེ་སྐད་ཅེས་གསོལང་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཤ་རིའི་བུ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། ཤ་རིའི་བུ་འི་རིགས་ཀྱི་བུ་འམ་རིག་ཀྱི་བུ་མོ་ཉན་ཐོས་ཀྱི་ཐེག་པ་ལ་ཡང་དག་པར་ཞུགས་པ་འམ། རང
236b4 སངས་རྒྱས་ཀྱི་ཐེག་པ་ལ་ཡང་དག་པར་ཞུགས་པ་འམ། ཐེག་དཔ་ཆེན་པོ་ལ་ཡང་དག་པར་ཞུགས་པ་འམ། སེམས་ཅན་གཞནདག་ཀྱང་རུང་སྟེ། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང
236b5 ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པས། ཉིན་ལན། གསུམ་མཚན་ལན་གསུམ་དུ་བླ་ཀོས་ཕྲག་པ་གཅིག་ཏུ་གཟར། 2། པུས་མོ་གཡས་པའི་ལྟ་པས་ལ་བཙུགས་ཏེ་ཐལ་མོ
236b6 རད་ནས། ཚིག་འདི་སྐད་དུ། སངས་རྒྱས་བཅོམ་ལྡན་འདས་གང་དག་ད་ལྟ་ན་ཕྱོགས་བཅུའི་འཇིག་རྟེན་གི་ཁམས་ན། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པ་དེ་དག་ལ
236b7 ཕྱག་འཚལ་ལོ།། སངས་རྒྱས་བཅོམ་ལྡན་འདས་དེ་དག་ལ་ཕྱག་འཚལ་ནས། ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བར་བསྐུལ་གྱིས། སངས་རྒྱས་བཅོམ་འདས་དེ་དག་གིས་སྐྱེ་བོ་མང་པོ་ལ་སྨན་པ་དང་། སྐྱེ་བོ་མང་པོ
236b8 ལ་བདེ་བ་དང་། འཇིག་རྟེན་ལ་ཐུགས་བརྩེ་བ་དང་། སྐྱེ་བོ་བལ་པོ་ཆེ་དང་། ལྷ་དང་ཕྱི་རྣམས་ཀྱི་དོན་དང་། སྨན་པ་དང་། བདེ་བའི་སླད་དུ་ཆོས་ཀྱི་འཁོར་ལོ་རབ་ཏུ་འསྒོརང་དུ་གོ་སོ་ཡང་། ཆོས་ཀྱི་འཁོར་ལོ་བསྟན་དུ
236b9 གསོལ། ཆོས་ཀྱི་ཚུལ་རབ་ཏུ་གཟུང་དུ་གསོལ། ཆོས་ཀྱི་སྦྱིན་པ་མཛད་པ་གཟུང་དུ་གསོལ། ཆོས་ཀྱི་སྒྲོན་མ་འབར་བར་མཛད་དུ་གསོལ། ཆོས་ཀྱི་ཆེར་དབབ་ཏུ་གསོལ། ཆོས་ཀྱི་རྔ་བརྡུང་དུ་གསོལ། ཆོས་ཀྱི




iiif viewer powered by OpenSeadragon

236a - 237a

Texts on this page

Ng15.10 - 'phags pa las kyi sgrib pa rgyun gcod pa zhes bya ba theg pa chen po'i mdo