| e-texts navigator |
| Wylie |
236a1 ཕྱོགས་བཅུའི་འཇིག་རྟེན་ན། སངས་རྒྱས་བཅོམ་ལྡན་འདས་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས། ཆོས་ཀྱི་འཁོར་ལོ་རབ་ཏུ་སྐོར་བ། ཆོས་ཀྱི་འཁོར་ལོ་རབ་ཏུ་སྟོན
236a2 པ། ཆོས་ཀྱི་ཚུལ་རབ་ཏུ་སྟོནད་པ། ཆོས་ཀྱི་ཚུལ་རབ་ཏུ་འཛིནད་པ། ཆོས་ཀྱི་ཆེར་རབ་ཏུ་འབེབས་པ། ཆོས་ཀྱི་ཆར་གཏོང་བ། ཆོས་ཀྱི་སྦྱིན་པ་མཛད་པ། ཆོས་ཀྱི་སྒྲོན་མ་འབར་བར་མཛད་པ། ཆོས་ཀྱི་རྔ་རྡུང་བ། ཆོས་ཀྱི་རྔ
236a3 བོ་ཆེ་རྡུང་བ། ཆོས་ཀྱི་རུང་འབུད་པ། ཆོས་ཀྱི་སྲོག་ཤིང་བསྒྲེང་པ། སེམས་ཅན་ཐམས་ཅད་ལ་ཆོས་ཀྱི་སྦྱིན་པས་ཚིམ་པར་མཛད་པ། ཉམ་བག་དུ་མྱོད་དུ་འཛུད་པ་གང་ལགས་པ་དང་དེ་ལ་ཉན་ཐོས་ཀྱི་ཐེག་པ་པ་འམ
236a4 རབ་སངས་རྒྱས་ཀྱི་ཐེག་པ་པ་འམ། བྱང་ཆུབ་སེམས་དཔའ་ཐེག། པ་པ་འམ། དེ་ལས་གཞན་པའི་སེམས་ཅན་དག་དགེ་བའི་རྩ་བ་བསྐྱེད་པ་གང་ལགས་པ་དེ་དག་ཐམས་ཅད་ལ་ཡང་རྗེས་སུ་ཡི་རང་བ་ནས
236a5 རྗེས་སུ་ཡི་རང་བ་མྱི་མཉམ་པ་དང་མཉམ་པའི་བར་གྱིས་རྗེས་སུ་། ཉེར་ངོ་ཞེས་བརྗོད་པར་བྱའོ།། ཤ་རིའི་འདི་ནི་རྗེས་སུ་ཡི་རང་བའི་བ། སོད་ནམས་ཀྱི་ཕུང་པོའོ།། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་རྗེས་སུ
236a6 ཡི་རང་བའི་བསོད་ནམས་ཀྱི་ཕུང་པོ་འདིས། རྗེས་སུ་ཡི་རང་ན་བསོད་ནམས་ཀྱི་ཕུང་པོ་མང་པོ་གྲངས་མྱེད་དཔག་ཏུ་མྱེད་པ་བསྐྱེད་དོ།། ཤ་རིའི་བུ་སྟོང་གསུམ་ཀི་སྟོང་ཆེན་པོའི་འཇིག་རྟེན་ཁམས་ཀྱི་སེམས
236a7 ཅན་ནམ། འཇིག་རྟེན་གི་ཁམས་གང་ཀའི་ཀླུང་གི་བྱེ་མ་སྙེད་ཀྱི་སེམས་ཅན་ཇི་སྙེད་པ་དེ་དག་ཐམས་ཅད་དགྲ་བཅོམ་པ། ཟག་པ་ཟད་པར་གྱུར་ད་ལ། རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་ལ་ལ་ཞིག་གིས་དེ་དག་ལ་ཇི་སྲིད་མཚོའི
236a8 བར་དུ། གོས་དང་། ཟས་དང་། ན་བའི་གསོས་སྨན་དང་། ཡོ་བྱད་རྣམས་ཀྱིས་བསྙེན་བཀུར་བྱས་པ་པ། གང་ཞིག་རྗེས་སུ་ཡི་རང་བ། འདིས་རྗེས་སུ་ཡི་རང་ན། དེ་ནི་དེ་བས་བསོད་ནམས་ཆེས་མང་དུ་གྲངས་མྱེད་དཔག་ཏུ
236a9 བྱེད་པ་སྐྱེད་དོ།། ཤ་རིའི་བུ་དེ་བས་ན་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པས། རྗེས་སུ་ཡི་རང་བ་འདིས་རྗེས་སུ་ཡི་བླར་བྱའོ།། ཤུར