e-texts navigator
Collection
Volume
Page
Wylie

235b1 བརྩེ་བ་དང་། སྐྱེ་བོ་ཕལ་པོ་ཆེ་དང་། ལྷ་དང་མྱི་རྣམས་ཀྱི་དོན་དང་། སྨནད་པ་དང་། བདེ་བའི་སླད་དུ་སྔོན་གྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་གིས་བླ་ན་མྱེད་པ་ཡང་དག་པར་རྫོགས
235b2 པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས། ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་ད་པ། ཆོས་ཀྱི་འཁོར་ལོ་རབ་ཏུ་བསྟན་པ། ཆོས་ཀྱི་ཚུལ་རབ་ཏུ་བཟུང་བ། ཆོས་ཀྱི་ཆར་རབ་ཏུ་ཕབ་པ། ཆོས་ཀྱི་ཆར་རབ་ཏུ་བཏང་བ།
235b3 ཆོས་ཀྱི་རྔ་རབ་ཏུ་བརྡུངས་པ། ཆོས་ཀྱི་རྔ་བོ་ཆེ་རབ་ཏུ་བརྡུངས་པ། ཆོས་ཀྱི་དུང་བུས་པ། ཆོས་ཀྱི་སྲོག་ཤིང་སྒྲེང་བ། ཆོས་ཀྱི་སྒྲོན་མ་འབྲུབ་མཛད་པ། སེམས་ཅན་ཐམས་ཅད་དུ་ཆོས་ཀྱི་སྨྱོན་པས་ཚིམ་པར་མཛད་པ། ཉམ་བག
235b4 དུ་སྤྱོད་དུ་བཙུད་པ་གང་ལགས་པ་དང་། དེ་ལ་ཉན་ཐོས་ཀྱི་ཐེག་པ་པ་རང་སངས་རྒྱས་ཀྱི་ཐེག་པ་པ་འམ། བྱང་ཆུབ་སེམས་དཔའི་ཐེག་པ་པའི་དེ་ལས་གཞན་པའི་སེམས་ཅན་རྣམས་ཀྱིས་དགེ་བའི་རྩ་བསྐྱེད་པ་གང
235b5 ལགས་པ་དེ་དག་ཐམས་ཅད་ལ་ཡང་རྗེས་སུ་ཡི་ར་ཤཱི་མཆོག་གིས་རྗེས་སུ་ཡི་རང་བ་ནས། རྗེས་སུ་ཡི་རེང་བ་མྱི་མཉམ་པ་དང་། མཉམ་བའི་བར་གྱིས་རྗེས་སུ་ཡི་རང་ངོ་། སྐྱེ་བོ་མང་པོ་ལ་སྨན་པ་དང་། སྐྱེ
235b6 བོ་ཕལ་པོ་བདེ་བ་དང་། འཇིག་རྟེན་ལ་ཐུགས་བརྩེ་བ་དང་། སྐྱེ་བོ་ཕལ་པོ་ཆེ་དང་། ལྷ་དང་མྱི་རྣམས་ཀྱི་དོན་དང་སྨན་པ་དང་། བདེ་བའི་སླད་དུ་མ་འོངས་པའི་དུས་ཀྱེ་སངས་རྒྱས་བཅོམ་ལྡན་འདས་དེ་དག་བླ་ན་མྱེད་པ་ཡང་དག་པར
235b7 རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས། ཆོས་ཀྱི་འཁོར་ལོ་བསྐོར་བར་འགྱུར་བའི་བར་དག་གང་ལགས་པ་དང་། དེ་ལ་ཉན་ཐོས་ཀྱི་ཐེག་པ་པ་འམ། རང་སངས་རྒྱས་ཀྱི་ཐེག་པ་པ་འམ། བྱང་ཆུབ་སེཾས།
235b8 དཔའི་ཐེག་པ་པ་འམ། དེ་ལས་གཞན་པའི་སེམས་ཅད་དག་དགེ་བའི་རྩ་བ་བསྐྱེད་པར་འགྱུར་བ། གང་ལགས་པ་དེ་དག་ཐམས་ཅད་ལ་ཡང་རྗེས་སུ་ཡི་རང་བའི་མཆོག་གིས་རྗེས་སུ་ཡི་རེང་བ་ནས། རྗེས་སུ་ཡི་རང་བ་མྱི་མཉམ་པ་དང
235b9 མཉམ་པོའི་བར་གྱིས་རྗེས་སུ་ཡི་རང་ངོ་།། སྐྱེ་བོ་མང་པོ་ལ་སྨན་པ་དང་། སྐྱེ་བོ་མང་པོ་ལ་བདེ་བ་དང་། འཇིག་རྟེན་ལ་ཐུགས་བརྩེ་བ་དང་། སྐྱེ་བོ་ཕལ་པོ་ཆེ་དང་། ལྷ་དང་མྱི་རྣམས་ཀྱི་དོན་དང་། སྨན་པ་དང་། བདེ་བའི་སླད་དུ། ད་ལྟ་ན




iiif viewer powered by OpenSeadragon

235a - 236a

Texts on this page

Ng15.10 - 'phags pa las kyi sgrib pa rgyun gcod pa zhes bya ba theg pa chen po'i mdo