e-texts navigator
Collection
Volume
Page
Wylie

235a1 ལྡོག་པ་རྣམས་ཀྱི་བསོད་ནམས་ཀྱི་ཕུང་པོ་གང་ལགས་པ་དང་། བྱང་ཆུབ་སེམས་དཔའ་སྐྱེ་བ་གཅིག་གིས་ཐོགས་པ་རྣམས་ཀྱི་བསོད་ནམས་ཀྱི་ཕུང་པོ་གང་ལགས་པ་དེ་དག་ཐམས་ཅད་ལ་ཡང་རྗེས་སུ་ཡི་རང་བའི་མཆོག
235a2 གིས་རྗེས་སུ་ཡི་རང་བ་ནས། རྗེས་སུ་ཡི་རང་བ་མྱི་མཉམ་པ་དང་། མཉམ་པའི་བར་གྱིས་རྗེས་སུ་ཡི་རང་ངོ་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན། ཕ་རོལ་ཏུ་ཕྱིན
235a3 པ་དྲུག་དང་ལྡན་པའི་དགེ་བའི་རྩ་བ་མངོན་པར་འདུས་བགྱིས་པ་གང་ལག་པ་དེ་དག་ཐམས་ཅད་ལ་ཡང་རྗེས་སུ་ཡི་རང་བའི་མཆོག་ཀྱིས་རྗེས་སུ་ཡི་རང་པོ།། རྗེས་སུ་ཡི་རང་བ་དམ་པ་དང་། གཙོ་བོ་དང་། ཁྱད་པར་ཅན་དང་། རབ་དང་།
235a4 ཕུལ་དང་། གྱ་ནོམ་པ་དང་། བླ་མ་དང་། བླ་ན་མྱེད་པ་དང་། ལྷག་ན་མྱེད་པ་དང་། མཉམ་པ་མྱེད་པ་དང་། མྱི་མཉམ་པ་དང་མཉམ་པས་རྗེས་སུ་ཡི་རང་ངོ་། མ་འོངས་པའི་དུས་ཀྱི་བྱང་ཆུབ་སེམས་དཔའ་སེམས་དཔའ
235a5 ཆེན་པོ་དེ་དག་བྱང་ཆུབ་ཀྱི་ཕྱིར་གྱོད་པ་ན། ཕ་རོལ་ཏུ་ཕྱིནད་པ་དྲུག་ད།། ང་ལྡན་པའི་བསོད་ནམས་ཀྱི་ཕུང་པོ་མངོན་པར་འདུ་བགྱིད་པར་འགྱུར།། བ་གང་ལགས་པ་དེ་དག་ཐམས་ཅད་ལ་ཡང་རྗེས་སུ་ཡི་རང་བའི
235a6 མཆོག་གིས་རྗེས་སུ་ཡི་རང་ངོ་། རྗེ་སུ་ཡི་རང་བ་དམ་པ་དང་། གཙོམ་དང་། ཁྱད་པར་ཅན་དང་། རབ་དང་། ཕུལ་དང་། གྱ་ནོམ་པ་དང་། མ་དང་། བླ་ན་མྱེད་པ་དང་། ལྟག་ན་མྱེད་པ་དང་། མཉམ་པ་མྱེད་པ་རྭ།
235a7 མྱི་མཉམ་པ་དང་མཉམ་པས་རྗེས་སུ་ཡི་རང་ངོ་།། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དག་ད་ལྟར་ཕྱོགས་བཅུའི་འཇིག་རྟེན་ན། བྱང་ཆུབ་ཀྱི་ཕྱིར་སྤྱོད་པ་དེ་དག་ཕ་རོལྡ་ཏུ་ཕྱིནད་པ་དྲུག་དང་ལྡན་པའི་བསོད་ནམས
235a8 ཀྱི་ཕུང་པོ་མངོན་པར་འདུ་བགྱིད་པ་གང་ལགས་པ་དེ་དག་ཐམས་ཅད་ལ་ཡང་རྗེས་སུ་ཡི་རང་བའི་མཆོག་གི་རྗེས་སུ་ཡི་རེང་ངོ་། རྗེས་སུ་ཡི་རང་བ་དམ་པ་དང་། གཙོ་བོ་དང་། ཁྱད་པར་ཅན་དང་། རབ་དང་། ཕུལ་དང་།
235a9 གྱ་ནོམ་པ་དང་། བླ་མ་དང་། བླ་ན་མྱེད་པ་དང་། ལྟག་ན་མྱེད་པ་དང་། མཉམ་པ་མྱེད་པ་དང་། མྱི་མཉམ་པ་དང་མཉམ་པས་རྗེས་སུ་ཡི་རང་ངོ་པོ། སྐྱེ་བོ་མང་པོ་ལ་སྨན་པ་དང་། སྐྱེ་བོ་མང་པོ་ལ་བདེ་བ་དང་། འཇིག་རྟེན་ལ་ཟུགས




iiif viewer powered by OpenSeadragon

234b - 235b

Texts on this page

Ng15.10 - 'phags pa las kyi sgrib pa rgyun gcod pa zhes bya ba theg pa chen po'i mdo