e-texts navigator
Collection
Volume
Page
Wylie

234b1 བཀའ་སྩལྡ་ཏོ།། ཤ་རིའི་བུ་འདི་ལ་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོས་ཉིན་ལན་གསུམ་མཚན་ལན་གསུམ་དུ་བླ་གོས་ཕྲག་པ་གཅིག་ཏུ་གཟར་ད་ལ་པུས་མོ་གཡས་པའི་ལྷ་ངས་ལ་བཙུགས་ཏེ་ཐལ་མོ་སྦྱརྡ་ནས། ཚིག།
234b2 འདི་སྐད་དུ། ཕྱོགས་བཅུའི་འཇིག་རྟེན་ན། སེམས་ཅན་གང་སུ་དག་སྦྱིན་པ་ལས་བྱུང་བའི་བསོད་ནམས་བགྱི་བའི་དངོས་པོ་དང་། ཚུལ་ཁྲིམས་ལས་བྱུང་བ་དང་། བསྒོམ་པ་ལས་བྱུང་བའི་བསོད་ནམས་བགྱི་བའི་དངོས་པོ
234b3 མངོན་པར་འདུས་བགྱིས་པ་དེ་དག་ཐམས་ཅད་ལ་རྗེས་སུ་ཡི་རང་བའི་མཆོག་གི་རྗེས་སུ་ཡི་རང་ངོ་།། རྗེས་སུ་ཡི་རང་བ་དམ་པ་དང་། གཙོ་བོ་དང་། ཁྱད་པར་ཅན་དང་། རབ་དང་། ཕུལ་དང་། གྱ་ནོམ་པ་དང་། བླ་མ་དང་། བླ་ན
234b4 མྱེད་པ་དང་། ལྟག་ན་མྱེད་པ་དང་། མཉམ་པ་མྱེད་པ་དང་། མྱི་མ་ཉམ་པ་དང་མཉམ་པས་རྗེས་སུ་ཡི་རང་ངོ་།། ཕྱོགས་བཅུའི་འཇིག་རྟེན་ན་སེམས་ཅན་གང་སུ་དག་སྦྱིན་པ་ལས་བྱུང་བའི་བསོད་ནམས་བགྱི་བའི
234b5 དངོས་པོ་དང་། ཚུལ་ཁྲིམས་ལས་བྱུང་བ་དང་། བསྒོམ་པ་ལས་བྱུང་། བའི་བསོད་ནམས་བགྱི་བའི་དངོས་པོ་མངོན་པར་འདུ་བགྱིད་པར་འགྱུར། པ་དེ་དག་ཐམས་ཅད་ལ་ཡང་རྗེས་སུ་ཡི་རང་བའི་མཆོག་གིས་རྗེས
234b6 སུ་ཡི་རང་བ་ནས། རྗེས་སུ་ཡི་རང་བ་མྱི་མཉམ་པ་དང་མཉམ་པའི་བར་གྱིས་རྗེ་སུ་ཡི་རང་ངོ་། ཕྱོགས་བཅུའི་འཇིག་རྟེན་ན། སེམས་ཅན་གང་སུ་དག་སྦྱིན་ལས་བྱུང་བའི་བསོད་ནས་ཀྱི་བའི་དངོས་པ་དང་།
234b7 ཚུལ་ཁྲིམས་ལས་བྱུང་བ་དང་། བསྒོམ་པ་ལས་བྱུང་བའི་བསོད་ནམས་བགྱི་བའི་དངོས་པོ་མངོན་པར་འདུ་བགྱིད་པ་དེ་དག་ཐམས་ཅད་ལ་ཡང་རྗེས་སུ་ཡི་རང་བའི་མཆོག་ཀྱིས་རྗེས་སུ་ཡི་རང་ནས། རྗེས་སུ་ཡི་རང་བ་མྱི་མཉ
234b8 པ་དང་མཉམ་པའི་བར་གྱིས་རྗེས་སུ་ཡི་རང་ངོ་།། བྱང་ཆུབ་སེམས་དཔའ་གང་དག་ད་ལྟ་ན་སེམས་དང་པོ་བསྐྱེད་པ་དེ་དག་གི་དང་པོ་བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་ལྡན་པའི་དགེ་བའི་རྩ་བ་གང་ལགས་པ་དང་། བྱང་ཆུབ
234b9 སེམས་དཔའ་བསྐལ་པ་བརྒྱས་བྱུང་བ་རྣམས་ཀྱི་བསོད་ནམས་ཀྱི་ཕུང་པོ་གང་ལགས་པ་དང་། བྱང་ཆུབ་སེམས་དཔའ་མྱི་སྐྱེ་བའི་ཆོས་བཟོད་པ་ཐོབ་པ་རྣམས་ཀྱི་བསོད་ནམས་ཀྱི་ཕུང་པོ་གང་ལགས་པ་དང་། ཕྱིར་མྱི




iiif viewer powered by OpenSeadragon

234a - 235a

Texts on this page

Ng15.10 - 'phags pa las kyi sgrib pa rgyun gcod pa zhes bya ba theg pa chen po'i mdo